67348

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། འདིའི་སྒྱུར་བ་པོ་བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར་ཞེས་འཁོད། ཆོས་ཚན་འདིའི་རྗེས་སུ་བུ་སྟོན་དཀར་ཆག་ཏུ་སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཞེས་པའི་ཆོས་ཚན་ཞིག་བཞུགས་ཀྱང་། པེ་ཅིང་པར་མ་དང་། སྣར་དཀར་ཆག་ཏུ་འདིའི་ཕྱི་མོ་སླར་རྙེད་ན་རྫོང་ཞེས་དང་། སྡེ་དཀར་དུ་འདི་མ་བྱུང་ཞེས་མཆན་འཁོད། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྒྱུད། ཤ ༢༨ འཕགས་མ་སྒྲོལ་མའི་སྒྲུབ་ཐབས། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་བྱུང་བ། འདིའི་སྒྱུར་བ་པོ་གཞུང་དངོས་ལ་མི་གསལ་ཡང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་དཔྱལ་པདྨོ་ཅན་ཞེས་འཁོད། བསྟན་འགྱུར་རྒྱུད་ཤ་པར་བཞུགས།

{{#arraymap:འཕགས་མ་སྒྲོལ་མའི་སྒྲུབ་ཐབས་

|; |@@@ | | }}

འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ (2)
Part of speech མིང་ཚིག
Definition མཁས་པ་ཨ་བྷ་ཡས་མཛད་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར། ཆོས་ཚན་འདི་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་དཀར་ཆག་ཏུ་མི་གསལ་ཡང་། སྡེ་དཀར་དུ་རྒྱ་ནག་པོའི་ལུགས་ཀྱི་འཕགས་པ་སྒྲོལ་མའི་སྒྲུབ་ཐབས་ཞེས་འཁོད། བསྟན་འགྱུར་རྒྱུད་ཕུ་པར་བཞུགས།

{{#arraymap:འཕགས་མ་སྒྲོལ་མའི་སྒྲུབ་ཐབས་

|; |@@@ | | }}

འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ (3)
Part of speech མིང་ཚིག
Definition དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་བུངྔྷ་ཀཱ་ར་བརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་མུ་པར་བཞུགས།

{{#arraymap:འཕགས་མ་སྒྲོལ་མའི་སྒྲུབ་ཐབས་

|; |@@@ | | }}

འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ (4)
Part of speech མིང་ཚིག
Definition རྒྱ་གར་ཤར་ཕྱོགས་ཛཱ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་མུ་པར་བཞུགས།

{{#arraymap:འཕགས་མ་སྒྲོལ་མའི་སྒྲུབ་ཐབས་

|; |@@@ | | }}