67354

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་མཆོག་བསོད་ནམས་དཔལ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ ༡༣༦༣ ལོར་འཁྲུངས། སྣེའུ་གདོང་དུ་ཁང་གཉེར་མཛད་སྐབས་གཙང་ཕྱོགས་སུ་ཆོས་བྱེད་པར་བྲོས། ཆོས་རྗེ་གངས་པ་ལས་ཁྲིད་རྣམས་ཞུས། མཁན་ཆེན་བྱང་ཆུབ་སེང་གེ་ལས་གདམས་པ་མ་ལུས་གསན། གདན་ས་ཐེལ་བའི་རི་པ་མཛད། ཆུ་བར་དུ་སྒོམ་པས་ཕྱག་ཆེན་གྱི་རྟོགས་པ་བརྙེས། ཆོས་རྗེ་ཐེག་ཆེན་པ་སོགས་བླ་མ་མང་པོར་བསྟེན། གདམས་པ་རྣམས་བླངས། ཆོས་སྡིངས་ཀྱི་རི་ཁྲོད་བཏབ། ཝང་གྲགས་པ་འབྱུང་གནས་བླ་མར་གྱུར། གྱ་ལྔ་པ་རབ་བྱུང་བརྒྱད་པའི་མེ་ཡོས་ཕྱི་ལོ ༡༤༤༧ ལོར་སྐུ་གཤེགས། སློབ་མ་གཙོ་བོ་ནི་ཆོས་རྗེ་བསོད་ནམས་རྒྱལ་མཚན་དང་། ཆོས་རྗེ་སངས་རྒྱས་བློ་གྲོས་བཅས་ཡིན།