67365
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔར་རྒྱ་གར་གྱི་ཡུལ་ཞིག ཇོ་ནང་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལས་ཡུལ་འདི་མ་ལ་ཝའི་ནང་གསེས་ཁྱད་པར་བ་ཞིག་ཡིན་པར་གསུངས་པ་དང༌། འདུལ་བའི་གླེང་འབུམ་ལས་འདི་སྔར་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཞིག་གི་མིང་ཡིན་པར་གསུངས་ཤིང༌། དགེ་ཆོས་ཀྱིས་མཛད་པའི་རྒྱ་གར་གནས་ཡིག་ལས་དེང་སང་ཨུ་ཇེན་ཟེར་བ་དེ་ཡིན་པ་དང༌། དེ་ནི་རྒྱལ་པོ་རབ་སྣང་གི་གྲོང་ཁྱེར་འཕགས་རྒྱལ་ཡིན་ཅིང་འཕགས་པ་ཀ་ཏྱཡ་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པའི་གནས་ཡིན་པར་བཤད་ཡོད། |