67371
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ མ་རིག་པ་ཤེས་སྒྲིབ་ཀྱི་མུན་པ་སེལ་བ། ༢ ཟག་མེད་ཀྱི་བདེ་བས་འདོད་ཆགས་དང་བཅས་པ། ༣ ཆོས་ཐམས་ཅད་ནམ་མཁའ་ལྟར་མཐོང་བ། ༤ ལྷག་བསམ་བརྟན་པོ་རང་དོན་གྱི་རྣམ་པར་རྟོག་པས་མི་ཕྱེད་པས་གཞན་དོན་ལ་དགའ་བ་དང་ལྡན་པ། ༥ འདོད་པའི་དབང་བསྐུར་བའི་ཡེ་ཤེས། ༦ སེམས་རང་བཞིན་གྱིས་དག་པར་མཐོང་བ། ༧ སྨོན་ལམ་གྱི་དབང་གིས་སངས་རྒྱས་ལ་སོགས་པར་སྤྲུལ་ནས་འཕྲིན་ལས་བྱེད་པ། ༨ དཔེ་ལས་འདས་པའི་ཡེ་ཤེས་བརྗོད་བྲལ་དུ་མཐོང་བ། ༩ ཆོས་ཐམས་ཅད་ཀྱི་དཔེ་དང་རྒྱུ་མཚན་རྟོགས་པ། ༡༠ ཤེས་བྱ་ལ་བློ་གྲོས་བླ་ན་མེད་པ་རྒྱས་པ། ༡༡ ཤེས་སྒྲིབ་ཀྱི་མུན་པའི་བག་ཆགས་སེལ་བ། ༡༢ སོ་སོ་རང་གིས་རིག་པའི་ཡེ་ཤེས་མངོན་དུ་གྱུར་པ་བཅས་སོ། ། |
| Domain | ཆོས་ལུགས། |