67378

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་སྐྱེས་པོ་ (1)
Part of speech མིང་ཚིག
Definition རི་རབ་ཀྱི་ལྷོ་ཕྱོགས་སྐྱོང་བའི་རྒྱལ་ཆེན་ཏེ་རྒྱལ་ཆེན་རིགས་བཞིའི་ཡ་གྱལ་ཞིག ལྷོ་རུ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྔོ་བསངས་རལ་གྲི་འབར་བ་འཛིན་པ་དང༌། ཞལ་ཅུང་ཟད་ཁྲོ་བའི་ཉམས་དང་ལྡན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པ་དང༌། དཔའ་ཞིང་བརྗིད་ལ་བཟོད་པར་དཀའ་བའི་དཀའ་བའི་གཟི་འོད་ཅན། རིན་པོ་ཆེའི་ཡ་ལད་གསོལ་ཞིང༌། ཡིད་བཞིན་ནོར་བུའི་ཅོད་པན་དང་བཅས་པའི་ཟེའུ་ཁ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་པ་དང༌། རིན་པོ་ཆེའི་ཁྲི་དང་མ་ཧེའི་གདན་ལ་བཞུགས་པའོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །ཨོཾ་བི་སྭཱཧཱ།
Domain ཆོས་ལུགས།