From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕང་མ་ (1)
| Part of speech
|
མིང་ཚིག
|
| Definition
|
སྐུད་པ་འཁལ་བྱེད་ཡོག་ཤིང༌།
|
འཕང་མ་ (2)
| Part of speech
|
མིང་ཚིག
|
| Definition
|
འཕང་མ་ཞེས་པ་སྡོང་པོ་ཐུང་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཕྲ་ལ་འདྲོང་ཞིང་མཉེན་པ་ཁ་ཤས་མཉམ་དུ་སྐྱེ་བའི་ནང་སྙིང་དཀར་བ་དང་ཕྱི་པགས་ཐལ་མདོག་ཡིན། ཡལ་ག་མང་ཞིང་གསེར་སྐྱེས་རྣམས་མདོག་ལྗང་སྨུག་ཡིན་ལ་སྤུ་མཉེན་ཐར་ཐོར་ཡོད། ལོ་མ་སྔོ་ལྗང་ཆུང་བ་སྙུང་ལེབ་དབྱིབས་འཇམ་ལ་རྒྱབ་ཅུང་ཟད་སྐྱ་བ། མཐའ་མཉམ་ལ་རྩ་རིས་དྲ་བ་ལྟར་གྱེས་པའི་དབུས་འབུར་ཞིང་གསལ་བ་རེས་མོས་སུ་སྐྱེ་བའི་ངར་བ་ཐུང་ཞིང་། མེ་ཏོག་དམར་སྐྱ་ཆུང་བ་འདབ་མ་ལྔ་དང་ལྡན་ལ་ངར་བ་རིང་བ་ལོ་མའི་མཚམས་ནས་ཤར། ཟེའུ་འབྲུ་ཕོ་ལྔ་དང་མོ་གཅིག་ཡོད་པ་དེ་རྣམས་རིང་ཞིང་བུ་སྣོད་དང་འབྲེལ་ཡོད། འབྲས་བུ་དམར་ཞིང་སྨིན་དུས་སྨུག་པོར་གྱུར་ཏེ་ཆེ་ཆུང་སྲན་མ་ཙམ་ལ་དབྱིབས་ཅུང་ཙམ་འཇོང་བ་ཁུ་བ་ཡོད་པའི་འབྲས་བུ་ཡིན།
|