67410

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕན་པོ་ (1)
Part of speech མིང་ཚིག
Definition ཕྱུག་པོའི་མིང་།
འཕན་པོ་ (2)
Part of speech མིང་ཚིག
Definition ས་ཆ་ཞིག་གི་མིང་སྟེ། ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་འཕན་ཡུལ་ངན་ཆུའི་ཆུ་རྒྱུད་ཀྱི་ཡུལ་མིང༌།
འཕན་པོ་ (3)
Part of speech མིང་ཚིག
Definition དབུལ་པོའམ། ཡུལ་སྐད་འགར་མེད་པོ་ཡང་ཟེར། དོན་དུ་ཟས་ནོར་ཧ་ཅང་ཉུང་བའམ་མེད་པའི་སྤྲང་པོའི་དོན་ཅན་ཏེ། མདོ་དྲི་མེད་གཟི་བརྗིད་ལས། ཕྱུག་པོ་ནོར་ཡོད་རང་སྲོག་ཆད་འདྲེ་ཡིན། འཕན་པོ་བུ་མང་རང་དམའ་འབབ་འདྲེ་ཡིན། ཞེས་པས། ཚིག་རྐང་སྔ་མའི་ལྡོག་ཕྱོགས་ཚིག་རྐང་ཕྱི་མར་འཕན་པོ་སྟེ་དབུལ་པོ་ཕྲུ་གུ་མང་ན་སྔར་ལས་ཀྱང་དཀའ་སྡུག་འཕྲད་ནས་་མས་དམའ་རུ་འབབ་ཡ་རེད་ཅེས་པའི་དོན་ཡིན་པས་ཤེས་སོ། །