67413
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་པའི་ཆུ་སྟག་ཕྱི་ལོ ༡༦༠༢ ལོར་འཕན་ཡུལ་ཞོགས་གྲམ་ཕུར་འཁྲུངས། སེར་བྱེས་གྲྭ་ཚང་དུ་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་མཁས་པར་སྦྱངས། རྒྱུད་སྨད་དུ་གསང་སྔགས་ཀྱི་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ནང་བྱན་ཆུད་པར་མཛད། རྒྱུད་པ་དང་བྱང་རྩེའི་འཆད་ཉན་པ་མཛད། རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ཕྱི་ལོ ༡༦༦༨ ལོར་དགའ་ལྡན་གསེར་ཁྲིར་བཞུགས། ལོ་བདུན་རིང་གསེར་ཁྲི་བསྐྱངས། ཆོས་ཀྱི་འཁོར་ལོ་བསྐོར། ཁྲི་ཟུར་རྗེས་རྭ་སྒྲེང་དང་རིན་ཆེན་གླིང་སོགས་ཀྱི་གདན་ས་པ་མཛད། དོན་བདུན་པ་རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ ༡༦༧༨ ལོར་སྐུ་གཤེགས། གདུང་རྟེན་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་ཕྲས་སྤྲས་པ་བཞེངས། བདེ་གཤེགས་ལྷ་ཁང་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་གཉིས་པ་ཡིན། མཚན་གཞན། རྣམ་དག་རྡོ་རྗེ། |