67417
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྲས་རིན་ཆེན་བྲག་གི་ཆོས་སྡེ་ནི། རྗེའི་དངོས་སློབ་ཉན་པོ་ཤཱཀྱ་རྒྱལ་མཚན་པས་བཏབ། ཨང་དང་གྲྭ་གྲངས་ལྔ་བཅུ་ང་དགུ་སྐོར། འབྲོང་སྟེང༌ནི། ཆོས་འབྱུང་འགར་སློབ་དཔོན་ཤཱཀྱ་བཟང་པོ་འདེབས་མི་ཡིན་པར་གྲགས་ཀྱང་། དོན་ཉན་པོ་ཤཱཀྱ་རིན་ཆེན་པས་བཏབ། ཨང་གསུམ་གྲྭ་བཙུན་བཞི་བཆུ་ཞེ་དགུ་སྐོར། པུ་ཏོ་དགོན་ནི། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་གྱིས་བཏབ། བཙུན་མ་བཞི་བཅུ་སྐོར། སྔར་དགེ་ལུགས་པའི་དགོན་དུང་ཁ་ནི། བླ་མ་ཡེ་ཤེས་ཆེན་པོས་བཏབ། ཨང་གསུམ་གྲྭ་བཙུན་ཉི་ཤུ་སྐོར། འཕན་ཡུལ་སྟོད་དུ་རྒྱལ་ལྷ་ཁང༌ནི། བླ་ཆེན་བརྒྱུད་པ་རྒྱལ་གྱི་ཞང་ཆེན་པོའམ་སྣ་ནམ་རྡོ་རྗེ་དབང་ཕྱུག་ཏུ་གྲགས་པ་དེས་བཏབ། ཨང་དང་གྲྭ་གྲངས་བརྒྱ་དང་ཉི་ཤུ་སྐོར། གསལ་ཁང་དགོན་པ་ནི། ལྷ་ས་གསལ་ཁང་པས་བཏབ་པའི་ཟོང་དགོན་ཐོག་སངས་རྒྱས་དབོན་གྱི་སློབ་མ་ཟུང་འཇུ་མོས་བཏབ་པས་ཟུང་འཇུ་མོ་ཟླ་བསྒྲིལ་བའི་འདུས་སྡེ་ཡིན། ཨང་དང་གྲྭ་གྲངས་བརྒྱ་དང་བཅུ་བདུན་སྐོར། ཉན་པོ་དགོན་ནི། ཚོད་ཤེས་རབ་གྲགས་པས་བཏབ། ཨང་གཉིས་གྲྭ་བཙུན་བརྒྱ་དང་ཉི་ཤུ་རྩ་དྲུག་སྐོར་བཅས་སོ། ། |