67428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕར་བ་ (1)
Part of speech མིང་ཚིག
Definition གཅན་གཟན་ཞིག་གི་མིང་སྟེ། དབྱིབས་སྤྱང་ཀི་དང་འདྲ་ཞིང་དེ་ལས་ཆུང་ལ་སྤུ་མདོག་སེར་ནག་འདྲེས་པའི་གཅན་གཟན་ངན་པ་ཞིག་གི་མིང་། ཚིག་བསྡུས་ན་འཕར་ཞེས་འབྲི་ཆོག
Example འཕར་བ་དང་སྤྱང་ཀི་ཞེས་པ་ལྟ་བུ།
འཕར་བ་ (2)
Part of speech མིང་ཚིག
Definition འཕག་པའམ་ལྡེག་པའི་དོན།
Example སྙིང་འཕར་བ་ཞེས་པ་ལྟ་བུ།
འཕར་བ་ (3)
Part of speech མིང་ཚིག
Definition མང་དུ་འཕེལ་བའམ་མཐོ་རུ་འཕེལ་བའི་དོན་ཏེ།
Example གཙང་ཆུ་འཕར་བ་ཞེས་པ་ལྟ་བུ།
Antonyms ཆག་པ།
འཕར་བ་ (4)
Part of speech མིང་ཚིག
Definition ལྕགས་མོ་གླང༌།
Domain རྩིས་རིག
འཕར་བ་ (5)
Part of speech མིང་ཚིག
Definition དགེ་འདུན་ཉི་ཤུའི་ནང་གསེས། འོག་མིན་གྱི་མཐར་ཐུག་འགྲོ་གསུམ་གྱི་ནང་གསེས་ཤིག། འདོད་པར་སྐྱེས་པའི་འཕགས་པས་བསམ་གཏན་བཞི་པ་གོམས་པར་བྱས་པ་ཞིག་བསམ་གཏན་དང་པོའི་བདེ་བའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་ཏེ་ཤི་འཕོས་པ་ན་ཚངས་རིས་ལ་སོགས་པར་སྐྱེས་ནས་སྔོན་གོམས་པའི་ཤུགས་ཀྱིས་བསམ་གཏན་བཅོ་ལྔ་སྤེལ་བསྒོམས་ཏེ་འོག་མིན་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བྱེད་པའོ། །དེ་ནི་བར་དུ་མི་འགྲོ་བས་ན་འཕར་བ་ཞེས་བྱའོ། །
Domain ཆོས་ལུགས།
འཕར་བ་ (6)
Part of speech མིང་ཚིག
Definition གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་ཀྱི་སྐྱེ་བའི་སྲིད་པ་གཉིས་ཁོ་ན་བླངས་ཏེ་མྱ་ངན་ལས་འདའ་བའི་རིགས་ཅན།