67458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕུང་གྱོད་ལྔ་ (1)
Part of speech མིང་ཚིག
Definition ལོ་འགྲོས་བཅུ་གཉིས་ལས་གླང་ལུག་གཉིས་ལ་འབྱུང་བ་ལྔའི་དབང་ཐང་སྦྱར་བ་ཤིང་གི་གླང་ལུག་དང་། མེ་ཡི་གླང་ལུག ས་ཡི་གླང་ལུག ལྕགས་ཀྱི་གླང་ལུག ཆུ་ཡི་གླང་ལུག་བཅས་ལྔ་ལ་ཟེར་བ་ཡིན། གལ་སྲིད་བརྩི་བྱ་ཕོའི་ལོག་མེན་ལོ་གླང་དང་མོའི་ལོག་མེན་ལོ་ལུག་ལ་བབས་ན་འཕུང་གྱོད་ཀྱི་སྒོ་ཕྱེ་ཞེས་ཟེར་ཞིང་། དུས་དེར་བྱེས་སུ་འགྲོ་ན་དགྲ་རྐུན་ཆོམ་པོར་གཟབ་དགོས་ལ། ཚོང་ཕམ་གོད་ཁ་དང་ཡིད་མི་བདེ་བ་བཅས་འབྱུང་བས། བཅོས་སུ་ནོར་རྒྱུན་མ་དང་། སཱཙྪ་སྟོང་དཔར་བ། ཡུལ་ལྷ་མཆོད་པ། ཟོར་མདོས་གཏོང་བ། གོད་སྲི་གནོན་པ། བཀྲ་བརྩེགས་འདོན་པ་བཅས་ཀྱི་རིམ་གྲོ་བྱ་དགོས། ཁྱད་པར་དུ་ཤིང་གི་གླང་ལུག་ལ་བབས་ན་ཕ་མིང་དང་། མེ་ཡི་གླང་ལུག་ལ་བབས་ན་མ་སྨད། ས་ཡི་གླང་ལུག་ལ་བབས་ན་མ་སྲུ། ལྕགས་ཀྱི་གླང་ལུག་ལ་བབས་ན་ཟས་ནོར། ཆུ་ཡི་གླང་ལུག་ལ་བབས་ན་བྱ་བྱེད་བཅས་ལ་ངན་པས་དེ་དག་ལ་འཕུང་གྱོད་ཀྱི་སྒོ་ཕྱེ་ཞེས་ཟེར་བ་ཡིན། བརྩི་བྱའི་ལོ་ཁམས་ཅི་ཡིན་དང་གནམ་ལོར་གང་ཤར་ལ་བལྟ་མི་དགོས་པར་སྐྱེས་པ་དག་རང་ལོ་བཅུ་གཉིས་དང་། ཉེར་བཞི། སོ་དྲུག ཞེ་བརྒྱད། དྲུག་ཅུ། དོན་གཉིས། གྱ་བཞི་སོགས་ལ་སོན་དུས་དེར་འཕུང་གྱོད་ཀྱི་སྒོ་ཕྱེ་ཞིང་། བུད་མེད་དག་རང་ལོ་གཉིས་དང་། བཅུ་བཞི། ཉེར་དྲུག སོ་བརྒྱད། ལྔ་བཅུ། རེ་གཉིས། དོན་བཞི། གྱ་དྲུག་སོགས་ལ་སོན་དུས་དེར་འཕུང་གྱོད་ཀྱི་སྒོ་ཕྱེ་བ་ཡིན།
Domain རྩིས་རིག