67460
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཐུན་སྦྱོར་བར་མའི་རྩིས་སུ་ཕན་ཚུན་གཉེན་སྡེབ་བྱེད་པ་ལ་ངན་པར་གསུངས་པ་དྲུག་སྟེ། མག་པའི་ལོ་རྟགས་བྱི་བ་ཡིན་ན་བག་མའི་ལོ་རྟགས་ཁྱི་དང་། མག་པའི་ལོ་རྟགས་ཁྱི་ཡིན་ན་བག་མའི་ལོ་རྟགས་བྱི་བ་ཡིན་པ། མག་པའི་ལོ་རྟགས་རྟ་ཡིན་ན་བག་མའི་ལོ་རྟགས་གླང་དང་། མག་པའི་ལོ་རྟགས་གླང་ཡིན་ན་བག་མའི་ལོ་རྟགས་རྟ་ཡིན་པ། མག་པའི་ལོ་རྟགས་སྦྲུལ་ཡིན་ན་བག་མའི་ལོ་རྟགས་སྟག་དང་། མག་པའི་ལོ་རྟགས་སྟག་ཡིན་ན་བག་མའི་ལོ་རྟགས་སྦྲུལ་ཡིན་པ་བཅས་ཡིན། |
| Domain | རྩིས་རིག |