67464
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་ཁམས་འདུན་ཁུར་ལོར་གཏོགས་པའི་བུ་མོ་དག་བབས་སྨེ་བདུན་དམར་དང་། བབས་སྤར་དང་ལོག་མེན་ལོ་རང་ལོའི་སྲོག་ཁམས་ཀྱི་དུར་སྟེང་དུ་འགྲོ་བ་བཅས་འདོམ་དུས་དེར་བག་མར་འགྲོ་བ་ལ་ཟེར་ཞིང་། བག་མ་དེ་རིགས་ཤར་དུ་གོམ་པ་ཉེར་གཅིག་སར་མན་ངག་བཞིན་དུ་སྦ་དགོས། གལ་སྲིད་སྨེ་ཕྲེང་འོག་མའི་འདུན་ཁུར་ལོའི་ནང་གསེས་མེ་མོ་བྱ་ལོ་ཁམས་ཡིན་པའི་བུ་མོ་སུ་ཞིག་རང་ལོ་སོ་གཉིས་སྟེང་དུ་བག་ལ་འགྲོ་བར་ཆ་བཞག་ན། ལོ་དེར་བབས་པའི་བབས་སྨེ་ནི་བདུན་དམར་བཙན་གྱི་མེ་ལོང་ཡིན་པ་མ་ཟད། དུས་དེར་བབས་སྤར་གིན་ནི་རང་ལོའི་སྲོག་ཁམས་ལྕགས་ཀྱི་དུར་སྤར་དང་། ལོག་མེན་ལོ་ལྕགས་གླང་ཡང་རང་ལོའི་སྲོག་ཁམས་ལྕགས་ཀྱི་དུར་ལོ་བཅས་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |