67465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕུད་ (1)
Part of speech བྱ་ཚིག
Definition གནས་ནས་དབྱུངས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [འཕུད།, མི་ངན་ཚོགས་ནས་འཕུད་དགོས།]
Present [འཕུད།, ངན་པ་འཕུད་ཐབས་ཀྱི་ཇུས།]
Past [ཕུད།, མི་ངན་རྒྱང་ལ་ཕུད་ཟིན།]
Imperative [ཕུད།, མི་ངན་ཕྱིར་ཕུད་ཅིག་ལྟ་བུ།]
འཕུད་ (2)
Part of speech བྱ་ཚིག
Definition ལྭ་བ་སོགས་གོན་བཞིན་པའི་གོས་ལུས་ནས་བླངས་པའི་དོན།
Keyword True
Future [འཕུད།, ཁྱིམ་ལ་སླེབས་དུས་ཆར་ལྭ་འཕུད་རྒྱུ་མ་བརྗེད།]
Present [འཕུད།, དམག་ཆས་འཕུད་བཞིན་པའི་སྐབས།]
Past [ཕུད།, ལྭ་བ་ཕུད་ནས་མེ་ལ་བསྲོས།]
Imperative [ཕུད།, ཚ་ཁུལ་ནས་སློག་པ་ཕུད་ཅིག་ལྟ་བུ།]
འཕུད་ (3)
Part of speech བྱ་ཚིག
Definition ཕྱོགས་གཅིག་ནས་གཏད་དེ་དངོས་རྫས་ཕར་འདེད་པའི་དོན།
Future [འཕུད།, རྩིག་པ་ཡོ་ན་འཕུད་དགོས།]
Present [འཕུད།, རྩིག་པ་འཕུད་བྱེད་ཀྱི་ཤིང་།]
Past [ཕུད།, རྩིག་པ་ཡོ་བ་ཕུད་ནས་དྲང་པོ་བཟོས།]
Imperative [ཕུད།, ཡོ་བ་ཕུད་ཅིག་ལྟ་བུ།]