67490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕེན་ (1)
Part of speech བྱ་ཚིག
Definition ལྡེམ་ཤུགས་སོགས་ལ་བརྟེན་ནས་མདའ་དང་མདེའུ་སོགས་གཡུགས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [འཕང་།, དགྲ་ལ་འཕང་རྒྱུའི་མདའ།]
Present [འཕེན།, མདའ་མཚོན་འཕེན་མཁན་གྱི་དམག]
Past [འཕངས།, མདའ་འཕངས་ནས་དགྲ་བསད།]
Imperative [འཕོངས།, གཡུལ་དུ་མདའ་འཕོངས་ཤིག་ལྟ་བུ།]
འཕེན་ (2)
Part of speech བྱ་ཚིག
Definition དངོས་པོའི་འོག་ཏུ་དངོས་པོ་གཞན་ཞིག་བཞག་པའི་དོན།
Future [འཕང་།, ཀ་བའི་འོག་ཏུ་ཀ་རྡོ་འཕང་།]
Present [འཕེན།, ཀ་བའི་འོག་ཏུ་ཀ་རྡོ་འཕེན་གྱིན་འདུག]
Past [འཕངས།, ཀ་བའི་འོག་ཏུ་ཀ་རྡོ་འཕངས་ཚར།]
Imperative [འཕོངས།, ཀ་བའི་འོག་ཏུ་ཀ་རྡོ་འཕོངས་ཤིག་ལྟ་བུ།]
འཕེན་ (3)
Part of speech བྱ་ཚིག
Definition དངོས་རྫས་ཀྱི་སྟེང་དུ་ཐིག་བརྒྱབ་པའི་དོན།
Future [འཕང་།, ཤིང་ལེབ་ངོས་སུ་ཐིག་འཕང་།]
Present [འཕེན།, ཤིང་ལེབ་ངོས་སུ་ཐིག་འཕེན་གྱིན་འདུག]
Past [འཕངས།, ཤིང་ལེབ་ངོས་སུ་ཐིག་འཕངས་ནས་དྲས།]
Imperative [འཕོངས།, ཤིང་ལེབ་ངོས་སུ་ཐིག་འཕོངས་ཤིག ལྟ་བུ།]