67498
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དགུ་པའི་ལྕགས་ཁྱི་ཕྱི་ལོ ༡༥༥༠ ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་བྱ་ལོ་ཕྱི་ལོ ༡༦༣༣ ལོར་སྐུ་གཤེགས། དོན་གཉིས་པ་རབ་བྱུང་བཅུ་པའི་ཆུ་ཕག་ཕྱི་ལོ ༡༦༢༣ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་ངོ་དྲུག་རིང་བསྐྱངས། རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ཕྱི་ལོ ༡༦༢༩ ལོར་བྱང་ཆུབ་མཆོད་རྟེན་བཞེངས། སྐུ་འབུམ་དཀར་ཆག་བསྡུས་པ་ཤིན་ཏུ་ལེགས་པ་མཛད་དེ་དེང་དུས་དཔེ་རྒྱུན་ཧ་ཅང་དཀོན། གྱ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཆུ་བྱ་ལོ་ཕྱི་ལོ ༡༦༣༣ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བཞི་པ་ཡིན། |