67500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕེན་བྱེད་ཀྱི་ལས་ (1)
Part of speech མིང་ཚིག
Definition འཕེན་བྱེད་ཀྱི་གོ་དོན་ནི། ལས་སྟོབས་ལྡན་གཅིག་གིས་བདེ་འགྲོ་དང་ངན་འགྲོ་གང་རུང་གི་སྐྱེ་བ་ཞིག་འཕེན་པ་ནི་འཕེན་བྱེད་དོ། །དེ་ཡང་མཐོ་རིས་གསུམ་པོ་གང་རུང་འགྲུབ་པ་ནི་དགེ་བའི་ལས་ཀྱིས་འཕེན་པ་ཡིན་ཏེ། ཚུལ་ཁྲིམས་བསྲུངས་པ་ལྟ་བུ་དགེ་བའི་ལས་སྟོབས་ལྡན་གཅིག་གི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་དུ་ངན་སོང་གསུམ་དུ་སྐྱེ་བ་ནི་འཕེན་བྱེད་སྡིག་པ་ཡིན་པར་གསུངས་ཏེ། འཕེན་བྱེད་སྡིག་ལས་སྟོབས་ཆེན་གྱི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།