67502
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འཕེན་རྫོགས་ཀྱི་ལས་ཀྱི་རྣམ་སྨིན་འཕེན་ཚུལ་ཡོད་དེ། འཕེན་བྱེད་ཀྱི་ལས་གཅིག་གིས་རྣམ་སྨིན་སྐྱེ་བ་གཅིག་ཁོ་ན་འཕེན་གྱི་དུ་མ་མི་འཕེན། དེ་དུ་མས་ཀྱང་རྣམ་སྨིན་གྱི་སྐྱེ་བ་དུ་མ་འཕེན་གྱི་གཅིག་ཁོ་ན་མི་འཕེན་པའི་ཕྱིར་དང་། རྫོགས་བྱེད་ལ་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར། རྣམ་སྨིན་དང་བཅས་པ་ཡིན་ན། འཕེན་བྱེད་ཡིན་པས་ཁྱབ་བམ་ཞེ་ན། མ་ཁྱབ་ཅེས་སྟོན་པ་ལ། སེམས་མེད་སྙོམས་པར་འཇུག་པ་དག། །འཕེན་བྱེད་མ་ཡིན་ཐོབ་པའང་མིན། །ཞེས་གསུངས། མ་ཁྱབ་སྟེ། སེམས་མེད་ཀྱི་སྙོམས་པར་འཇུག་པ་གཉིས་དང་། དེ་དག་གི་ཐོབ་པ་རྣམ་སྨིན་དང་བཅས་པ་རྫོགས་བྱེད་ཡིན་ཀྱང་འཕེན་བྱེད་མ་ཡིན་པའི་ཕྱིར། |
| Domain | ཆོས་ལུགས། |