6751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏད་རབས་བདུན་ (1)
Part of speech མིང་ཚིག
Definition དེ་ཡང་སྔར་རྒྱལ་བའི་བསྟན་པ་དགྲ་བཅོམ་པ་གཅིག་ནས་གཅིག་ཏུ་རིམ་པར་གཏད་པའི་རབས་ཏེ་རིམ་པ་བཞིན། སངས་རྒྱས་སྐུ་མྱ་ངན་ལས་འདའ་ཁར་འོོད་སྲུངས་ཆེན་པོ་ལ་བསྟན་པ་གཏད་པ་དང་། དེས་ཀུན་དགའ་བོ། དེས་ཤ་ནའི་གོས་ཅན། དེས་ཉེ་སྦས། དེས་ངྷི་ངྷི་ཀ། དེས་ནག་པོ། དེས་ལེགས་མཐོང་ཆེན་པོ་བཅས་ལ་རིམ་པར་གཏད་པ་ཡིན་ནོ། དེ་ལ་བུ་སྟོན་ཆོས་འབྱུང་ལས། གཉིས་པ་བསྟན་པ་འཛིན་པའི་གང་ཟག་ནི། འོད་སྲུངས་ཀུན་དགའ་ཤ་ནའི་གོས་ཅན་དང་། །ཉེ་སྦས་དྷི་དྷི་ཀ་དང་ནག་པོ་དང་། །ལེགས་མཐོང་ཆེན་པོ་བསྟན་པའི་གཏད་རབས་བདུན། །འདུལ་བ་ཕྲན་ཚེགས་ནང་ནས་འབྱུང་བ་ཡིན། ཞེས་འབྱུང་བ་བཞིན་ནོ།
Domain ལོ་རྒྱུས།