67514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕེལ་གདུང་ (1)
Part of speech མིང་ཚིག
Definition ཆོས་ལུགས་ཀྱིས་སྟོན་པ་དང་བླ་མ་སོགས་སྐྱེས་བུ་དམ་པའི་གདུང་རུས་ལས་བྱུང་བའི་རིང་བསྲེལ།
Domain ཆོས་ལུགས།
འཕེལ་གདུང་ (2)
Part of speech མིང་ཚིག
Definition མཆོག་གི་ནོར་བུའི་མིང༌སྟེ། མཆོག་གི་ནོར་བུ་ཞེས་པ་ནི་ནོར་བུའི་ནང་གི་ནོར་བུར་གྱུར་པ་སངས་རྒྱས་དང༌། བྱང་ཆུབ་སེམས་པ། ཉན་ཐོས། རང་སངས་རྒྱས། རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་གདུང་ལས་འབྱུང་བའི་ནོར་བུ་རིང་བསྲེལ་ཏེ། ཆེ་ཆུང་ཕལ་ཆེར་ཡུངས་དཀར་གྱི་འབྲུ་ཙམ་དང་ཆེ་བ་འགའ་ཞིག་སྲན་མ་ཙམ་པ་སོགས་ཅི་རིགས་འབྱུང་ཞིང༌། དབྱིབས་ཕལ་ཆེར་ཟླུམ་རིལ་དང་འགའ་ཞིག་ངེས་མེད་སྣ་ཚོགས་འབྱུང་བ། ཁ་དོག་མང་ཆེ་བ་དཀར་པོ་དང༌། འགའ་ཞིག་སྔོ་སྐྱ། འཇའ་རིས་ཅན་སོགས་འབྱུང་ཞིང༌། འགའ་ཞིག་མཆོད་ཅིང་གསོལ་བ་བཏབ་པ་དང༌། བཙོག་གྲིབ་སོགས་མ་ཕྱིན་ན་འཕེལ་ནས་གཅིག་ལ་མང་པོ་འབྱུང་བ་སོགས་ངོ་མཚར་བའི་རྟགས་དང་ལྡན་པ་ཞིག་གོ ། རོ་མངར་སྐྱུར་ལན་ཚ་ཁ་ཚ་བསྐ་བ་དྲུག་དང་ལྡན་པ། ཞུ་རྗེས་མངར་སྐྱུར་ཁ་བ་གསུམ་དང་ལྡན་པ། ནུས་པ་ལྕི་སྣུམ་བསིལ་རྟུལ་ཡང་རྩུབ་ཚ་རྣོ་བརྒྱད་དང་ལྡན་པས་ནད་གདོན་གྱི་རིགས་ཀུན་སྲུང་ཞིང་སྒྲིབ་པ་སྦྱོང༌། ལུས་ལ་བཅངས་པས་ཀྱང་དགོས་འདོད་ཐམས་ཅད་འབྱུང་ཞིང༌། གདོན་ཀུན་ཉེ་བར་གནས་མི་ནུས་པ་སོགས་ཁྱད་པར་གྱི་ཡོན་ཏན་ཀུན་དང་ལྡན་པའོ། །