67544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕོ་བའི་བྱེད་པ་བདུན་ (1)
Part of speech མིང་ཚིག
Definition བྱེད་པ་བཅུ་གཅིག་ལས་རྟག་པའི་བྱེད་པའི་བཞི་ཕུད་ལྷག་མ་རྣམས་ཏེ། དེ་ཡང་གདབ་པ་ཞེས་བྱ་བ་དང་། བྱིས་པ་ཞེས་བྱ་བ་དང་། རིགས་ཅན། ཏིལ་རྡུང་། ཁྱིམ་སྐྱེས། ཚོང་བ། བིཥྚི་བཅས་ཀྱི་བསྡུས་མིང་ཡིན། ཚེས་ལ་འཆར་ཚུལ་ནི་ཚེས་དང་པོའི་ཕྱི་ཆ་ནི་གདབ་པ་འཆར་བའི་དུས་ཡིན་ལ་དེ་ནས་རིམ་བཞིན་དེ་དག་ཚེས་ཉེར་དགུའི་སྔ་ཆའི་བར་དུ་འཆར་བར་འགྱུར་ལ། དེ་ལྟར་ཟླ་བ་གཅིག་རེའི་ནང་དུ་གདབ་པ་སོགས་ཐེངས་བརྒྱད་རེ་འཕོ་བ་ཡིན་པས་ན་འཕོ་བའི་བྱེད་པ་ཞེས་སུ་གྲགས། །
Domain རྩིས་རིག