67551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕོ་ལྟུང་གི་སྡུག་བསྔལ་ (1)
Part of speech མིང་ཚིག
Definition ལྷའི་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ། བཤེས་སྤྲིངས་ལས། ལྷའི་འཇིག་རྟེན་དག་ལས་འཕྲོ་བ་ལ། གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། ཞེས་གསུངས་པ་ལྟར། ལྷའི་འཇིག་རྟེན་དག་ནས་ཚེ་འཕོ་བ་ལ་ཕལ་ཆེར་དགེ་བའི་ལྷག་མ་མེད་པ་ཤས་ཆེ་བས། དབང་མེད་དུད་འགྲོ་ཡི་དྭགས་དང་། དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། ཞེས་གསུངས་པ་ལྟར། ལྷའི་འཇིག་རྟེན་དག་ནས་ཚེ་འཕོ་བ་ལ་ཕལ་ཆེར་དགེ་བའི་ལྷག་མ་མེད་པ་ཤས་ཆེ་བས། དབང་མེད་དུ་དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་དེ་གསུམ་གང་རུང་དུ་སྐྱེས་ནས་སྡུག་བསྔལ་བར་འགྱུར་རོ། །འཆི་འཕོས་པའི་ཚེ། ལྷའི་མངོན་ཤེས་ཀྱིས་རང་གང་དུ་སྐྱེ་བའི་གནས་མཐོང་བར་འགྱུར་པས། གནས་འདིར་འཇུག་པ་ལ་སྐྲག་ཅིང་སྡུག་བསྔལ་གྱིས་སྐམ་པར་འགྱུར་པ་ལ་སོགས་པ་ནི་ལྷའི་འཕོ་ལྷུང་གི་སྡུག་བསྔལ་ལོ།