From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཏན་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ཕུགས་རྒྱང་རིང་པོའམ་ཡུན་རིང་བའི་དོན་ལ་འཇུག་སྟེ།
|
| Keyword
|
True
|
| Example
|
འདི་ཕྱི་གཏན་གྱི་སྐྱབས་གནས། གཏན་འདུན་རླུང་ལ་མ་སྐུར། གཏན་གྲོགས་ལྟ་བུ།
|
གཏན་ (2)
| Part of speech
|
རྒྱན་ཚིག
|
| Definition
|
ནམ་ཡང་དང་། རྩ་བ་ནས་ཞེས་པའི་དོན་ལ་འཇུག་སྟེ།
|
| Example
|
ཁོང་རབ་ཏུ་བྱུང་རྗེས་དངུལ་སྒོར་ལ་ལག་པ་གཏན་ནས་འཆང་མྱོང་མེད། ངེད་གཉིས་ལོ་མང་གཤིབས་ཀྱང་ཁོ་མོས་བདག་གི་བསམ་ཚུལ་གཏན་ནས་ཤེས་མྱོང་མེད་ལྟ་བུ།
|
གཏན་ (1)
| Part of speech
|
བྱ་ཚིག
|
| Definition
|
སྒོ་ལ་སྒོ་གཏན་བརྒྱབ་ནས་དམ་པོར་བྱེད་པའི་དོན།
|
| Keyword
|
True
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Future
|
[གཏན།, སྒོ་ཕྱི་ནང་ལ་འགྲོ་དུས་སྒོ་གཏན་དགོས།]
|
| Present
|
[གཏན།, སྒོ་གཏན་བཞིན་འདུག]
|
| Past
|
[གཏན།, སྒོ་གཏན་ནས་ནང་ལ་བསྡད།]
|
| Imperative
|
[གཏོན།, ཕྱི་ལ་འགྲོ་དུས་སྒོ་གཏོན་ལྟ་བུ།]
|