From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕྱ་བའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
|
འཕྱ་བའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཞལ་ཏ་བ་ལ་འཕྱ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་དགེ་འདུན་གྱི་ཞལ་ཏ་ཚུལ་བཞིན་དུ་བྱེད་པའི་དགེ་སློང་ལ་བཅས་ལྡན་དགེ་སློང་དམན་པའི་གྲངས་སུ་བགྲང་བས་བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱའམ་གཞོགས་འཕྱས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱ་ཡང་རུང་། ཟུར་གྱིས་ཞོགས་འཕྱས་བྱེད་ཀྱང་རུང་ངོ་། །ཞེས་པའི་བསྟན། ངོ་བོ་ནི། དགེ་འདུན་གྱི་བྱ་བ་བྱེད་པའི་དགེ་སློང་ལ་དགེ་སློང་གཞན་གྱིས་དངོས་སམ་ཟུར་གྱིས་འཕྱ་བར་བྱེད་པའི་ལྟུང་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|