From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕྱི་བ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕྱིས་ཀྱི་མ་འོངས་དང་ད་ལྟའི་བྱ་བའི་མིང་།
|
འཕྱི་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྲོག་ཆག་ཞིང་རྐང་ལག་བཞི་ཅུང་ཟད་སྦོམ་ལ་ཐུང་བ་དང༌། ལག་པར་མཛུབ་མོ་བཞི་རེ་དང་རྐང་པར་མཛུབ་མོ་ལྔ་རེ་ཡོད་པ། མགོ་བོ་ཆུང་ལ་མཇིང་པ་ཐུང་ཞིང་རྣ་བ་གཉིས་ཆུང་བ་ཁ་དོག་སེར་ནག་ཡིན། འགྲམ་པ་གཡས་གཡོན་གཉིས་ལ་སྤུ་སེར་ཐིག་ཅན་དང་གདོང་དང་མཆུ་གཉིས་ལ་ནག་ཐིག་ཡོད་པ་མཐའ་དཀར་པོ། མཇུག་མ་ཐུང་ལ་ལེབ་ཅིང་སྤུ་མདོག་སེར་ནག་ཡིན་པ་དང༌། ལུས་སྤྱིའི་སྤུ་མདོག་སེར་སྐྱའམ་སེར་ཁྲ་སོགས་ས་ཆ་སོ་སོའི་ཁྱད་པར་གྱིས་མདོག་མི་འདྲ་བ་འབྱུང་བར་མ་ཟད། ས་གནས་གཅིག་གི་འཕྱི་བ་ལའང་སྤུ་མདོག་མི་འདྲ་བའི་ཁྱད་པར་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་ཉི་འོད་ཕོག་ཆེ་བའི་ཡུལ་ལྗོངས་ཀྱི་སྤང་རི་དང༌། རི་ཐང་མཚམས་སུ་ཡིན་ཞིང༌། སྤང་ལ་ཁུང་བུ་བཟོས་པའི་ནང་དུ་མ་བུ་མཉམ་དུ་སྡོད་ཀྱི་ཡོད། ཁུང་སྦུབས་ཀྱི་ཚང་ལའང་གཙོ་ཕལ་གྱི་དབྱེ་བ་ཡོད་ཅིང༌། གཙོ་བོའི་ཚང་གི་ནང་དུའང་ཁུང་བུ་ཁ་ཤས་ཡོད་པ་ནི་འགའ་རེ་དགུན་དུས་ཉལ་ས་དང་འགའ་རེ་ཕྲུ་གུ་བཙའ་ས་ཡིན་ཞིང༌། ཚང་ཕལ་པ་ལ་སྤྱིར་བཏང་ཁུང་བུ་གཅིག་མ་གཏོགས་མེད་ཀྱང་འགའ་ཞིག་ལ་ཁུང་བུ་ཁ་ཤས་བྱས་པ་ཡང་ཡོད། མིག་གསལ་ཞིང་རྣ་བ་གསང་པོ་ཡོད་པར་མ་ཟད། ཉེན་ཁ་ཡོད་པའི་སྐབས་སུ་སྐད་བཏང་ནས་ཕན་ཚུན་བརྡ་གཏོང་ཡང་བྱེད་ཤེས། དགུན་དུས་གོང་བརྗོད་ཀྱི་ཁུང་སྦུབས་སུ་མང་པོ་མཉམ་དུ་དགུན་ཉལ་བྱེད་པ་དང༌། ཕྱི་ལོའི་དཔྱིད་དུས་སུ་ཡར་ལངས་ཏེ་རྒྱུ་བ་དང་ཡུན་རིང་མ་སོང་བར་འཁྲིག་སྦྱོར་བྱེད་ཅིང་མངལ་སྦྲུམ་གྱི་ཡུན་ཚད་ཟླ་བ་གསུམ་ཡིན། བཙའ་ཐེངས་རེ་ལ་ཕྲུ་གུ་བཞི་ལྔ་ཙམ་བཙའ་བ་དང༌། རེ་འགར་བཙའ་ཐེངས་རེ་ལ་ཕྲུ་གུ་བརྒྱད་དགུ་ཙམ་བཙའ་བ། ཟས་སུ་རྩྭ་ལྡུམ་གྱི་རིགས་དང༌། ལྕུག་མ། དེ་མིན་ཞིང་གི་ལོ་ཏོག་ཀྱང་ཟ་བ་ཡིན་ནོ། །
|