67647

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྱོ་ (1)
Part of speech བྱ་ཚིག
Definition མཁའ་དབྱིངས་སུ་བསྐྱོད་པའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [འཕྱོ།, དཔྱིད་དུ་ཁྲུང་ཁྲུང་དཀར་མོ་མཁའ་རུ་འཕྱོ།]
Present [འཕྱོ།, མཁའ་ལ་འཕྱོ་བའི་ཐང་དཀར་རྒོད།]
Past [འཕྱོས།, མཁའ་ལ་འཕྱོས་ནས་རྒྱང་རིང་དུ་སླེབས་ལྟ་བུ།]
འཕྱོ་ (2)
Part of speech བྱ་ཚིག
Definition མཆོང་ལྡིང་བྱེད་པའི་དོན།
Keyword True
Future [འཕྱོ།, རྒྱ་སྟག་ནགས་ལ་འཕྱོ་ན་མཛའ།]
Present [འཕྱོ།, སྤང་ལྗོངས་སུ་འཕྱོ་བཞིན་པའི་གྱི་ལིང།]
Past [འཕྱོས།, གཅན་གཟན་ནགས་སུ་འཕྱོས་ནས་རི་དྭགས་བཟུང་ལྟ་བུ།]
འཕྱོ་ (3)
Part of speech བྱ་ཚིག
Definition སེམས་མི་བདེ་བའམ་སྐྱོ་བའི་དོན།
Future [འཕྱོ།, མཛའ་མོ་དྲན་ན་སེམས་པ་འཕྱོ།]
Present [འཕྱོ།, སེམས་པ་འཕྱོ་བཞིན་པའི་སྐབས་སུ་སྨྲེང་གླུ་བླངས།]
Past [འཕྱོས།, ཡིད་འཕྱོས་ནས་མཆི་མ་ཤོར་ལྟ་བུ།]
འཕྱོ་ (1)
Part of speech རྒྱན་ཚིག
Definition བྱ་སྤྱོད་ཚད་ལས་འདས་པའི་དོན་ཏེ།
Example བྱ་སྤྱོད་གང་ཡིན་ཡང་འཕྱོ་མི་རུང་ལྟ་བུ།