67712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲིག་ཚུད་པ་ (1)
Part of speech མིང་ཚིག
Definition ནང་དོན་རགས་རིམ་ཙམ་ངེས་པ་རྙེད་པའམ། ཁོང་དུ་ཆུད་པའི་དོན་ཏེ།
Example དེབ་ཐེར་སྔོན་པོ་ལས། བརྡ་རྩའི་ཁྲིད་མཛད་པས་ཕྱག་རྒྱ་ཆེན་པོ་ལ་འཕྲིག་ཚུད་ཅེས་དང་། རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་པོ་ལས། དེ་ལྟར་བསྒོམས་པས་འཕྲིག་ཚུད་ན་གསུང་རབ་དང་དགོངས་འགྲེལ་ཕལ་མོ་ཆེས་སྐྱབས་གསུམ་གྱི་ཡོན་ཏན་སྟོན་པས། དེ་དག་གདམས་ངག་ཏུ་འཆར་བར་འགྱུར་ལ་ཞེས་འབྱུང་བ་ལྟ་བུ།
འཕྲིག་ཚུད་པ་ (2)
Part of speech མིང་ཚིག
Definition སྤྱང་པོའི་དོན།