From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕྲིན་ལས་ (1)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཀྱི་དོན་ཏེ། སངས་རྒྱས་ཀྱི་འཕྲིན་ལས་ནི་རང་གི་རྒྱུར་གྱུར་པའི་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ་རིགས་སངས་རྒྱས་ཀྱིས་གདུལ་བྱའི་རྒྱུད་ལ་འཇུག་པར་བྱེད་པའི་ལས་དེ་ཡིན། རྫོགས་པའི་སངས་རྒྱས་རྣམས་ཀྱི་འཕྲིན་ལས་ནི་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་མཐུས་ཡིད་བཞིན་གྱི་ནོར་བུས་འབད་རྩོལ་མེད་པར་འོད་ཟེར་སྤྲོ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མཐའ་ཡས་པས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་འབད་མེད་ལྷུན་གྱིས་གྲུབ་པར་འབྱུང་བ་ཡིན།
|
འཕྲིན་ལས་ (2)
| Part of speech
|
མིང་ཚིག
|
| Definition
|
སྤྱིར་བཏང་གི་བླ་མ་སོགས་ཀྱི་མཛད་སྤྱོད་ཀྱི་འཕྲོ་འདུའི་མིང་སྟེ།
|
| Example
|
བླ་མའི་འཕྲིན་ལས་དར་བ་ཞེས་པ་ལྟ་བུ།
|