67724
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་ལྔ་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་ལས་བྱུང་བ་སྟེ། ༡ ཞི་བས་འགྲོ་བའི་སྒྲིབ་པ་སྦྱོང་ཞིང་སྡུག་བསྔལ་མ་ལུས་པ་ཞི་བའི་ཐབས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བར་མཛད་པ། ༢ རྒྱས་པར་འགྲོ་བའི་ཡོན་ཏན་འཕེལ་ཞིང་འདོད་པའི་རེ་བ་མ་ལུས་པ་སྐོང་བར་མཛད་པ། ༣ དབང་གིས་སྐྱེ་དགུ་མཐུན་པར་བསྡུས་ནས་རྒྱུད་དབང་གི་ཆུ་བོ་ཆེན་པོས་མ་སྨིན་པ་ཡོངས་སུ་སྨིན་པའི་ལས་རྒྱས་ཆེར་མཛད་པ། ༤ དྲག་པོས་གདུག་པ་ཅན་ཚར་གཅོད་ཅིང་ཁམས་གསུམ་དབྱིངས་སུ་གཟིར་ནས། སྲིད་གསུམ་ཟིལ་གྱིས་མནན་ཏེ། འཁོར་བ་བྱང་འདས་སུ་བསྒྲལ་ནས། ཐམས་ཅད་བྱང་ཆུབ་མཆོག་གི་འབྲས་བུ་འགྲུབ་པའོ། ། |
| Domain | ཆོས་ལུགས། |