67725
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། སྤྱིར་འཕྲིན་ལས་ཞེས་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་འཇོག་ཅིང། སྐབས་འདིར་མངོན་རྟོགས་རྒྱན་གྱི་བསྟན་བྱའི་གཙོ་བོར་གྱུར་པའི་འཕྲིན་ལས་དེ་ལ་གྲངས་ཉེར་བདུན་དུ་འཇོག་པ་ཡིན། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། བཞི་པ་ཆོས་སྐུའི་མཛད་པ་འཕྲིན་ལས་བཤད་པ་ལ་ལུགས་གཉིས་ཡོད་པའི། འཕགས་པའི་ལུགས་ལ་སྤྲུལ་སྐུའི་འཕྲིན་ལས་ཉེར་བདུན་ལ་སྦྱར་ནས་བཤད་ཚུལ་ནི་ལོགས་སུ་ཤེས་པར་བྱ་ལ། སློབ་དཔོན་གྱི་ཡེ་ཤེས་ཆོས་སྐུའི་མཛད་པ་འཕྲིན་ལས་ཉེར་བདུན་ལ་སྦྱར་བ་ལྟར་ན། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་པ་ནས། རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པའི་བར་གྱིས་བཤད་པའི་དོན་འདི་ཡིན་ཏེ། ༡ཚོགས་ལམ་གྱིས་བསྡུས་པའི་ཐར་པ་དོན་གཉེར་ལ་འགོད་པ། ༢བསྡུ་བའི་དངོས་པོ་བཞི་ལ་འགོད་པ། ༣བདེན་པ་བཞི་ལ་འགོད་པ། ༤གཞན་དོན་གྱི་བསམ་པ་ལ་འགོད་པ། ༥སྤྱོད་པ་ལ་འགོད་པ། ༦དོན་གཉིས་སྒྲུབ་པའི་གཞི་ལ་འགོད་པ། ༧སྦྱོར་ལམ་ལ་འགོད་པ། ༨མཐོང་ལམ་ལ་འགོད་པ། ༩སྒོམ་ལམ་གྱིས་བསྡུས་པའི་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པ། ༡༠ས་དྲུག་པ་ལ་འགོད་པ། ༡༡བདུན་པ་ལ་འགོད་པ། ༡༢བརྒྱད་པས་བསྡུས་པའི་སྤྱོད་པ་ཁྱད་པར་ཅན་ལ་འགོད་པ། ༡༣བདེན་འཛིན་མངོན་གྱུར་བ་ཟད་པ་ལ་འགོད་པ། ༡༤ས་དགུ་པ་ལ་འགོད་པ། ༡༥ས་བཅུ་ཐོབ་མ་ཐག་པ་ལ་འགོད་པ། ༡༦སྐྱེ་བ་གཅིག་ཐོགས་ཀྱིས་བསྡུས་པའི་སྐྱེ་བ་ཕྱི་མར་འཚང་རྒྱ་བར་ངེས་པ་ལ་འགོད་པ། ༡༧གཞན་དོན་ལྷུན་གྲུབ་ལ་འགོད་པ། ༡༨སངས་རྒྱས་ཀྱི་ཆོས་ལྷག་མ་རྫོགས་པ་ལ་འགོད་པ། ༡༩སྲིད་པ་ཐ་མས་བསྡུས་པའི་བྱང་ཆུབ་འདྲེན་པར་བྱེད་པ་ལ་འགོད་པ། ༢༠ལས་ཆུད་མི་ཟ་བའི་ནུས་པ་ལ་འགོད་པ། ༢༡ཇི་སྙེད་པ་རྟོགས་པ་ལ་འགོད་པ། ༢༢ཇི་ལྟ་བ་རྟོགས་པ་ལ་འགོད་པ། ༢༣ཕྱིན་ཅི་ལོག་ཟད་པ་ལ་འགོད་པ། ༢༤ཕྱིན་ཅི་ལོག་གི་གཞི་ཟད་པ་ལ་འགོད་པ། ༢༥རང་བཞིན་རྣམ་དག་གི་ཆོས་སྐུའི་རྒྱུ་ཚོགས་ལ་འགོད་པ། ༢༦གློ་བུར་དྲི༌བྲལ་གྱི་རྒྱུ་ཚོགས་ལ་འགོད་པ། ༢༧ལམ་གྱི་འབྲས་བུ་ལ་འགོད་པ་རྣམས་སོ། །དེ་ལྟར་ཇི་སྐད་བཤད་པའི་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་ཆད་ཅིང། འབད་མེད་ལྷུན་གྱིས་གྲུབ་པར་འཇུག་པ་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མར། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཞེས་འབྱུང། |
| Domain | ཆོས་ལུགས། |