67726

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲིན་ལས་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition བོན། མདོ་གཡུང་ཀློང་རྒྱས་ཀྱི་ཆོ་གའི་སྔོན་འགྲོ་དང། དངོས་གཞི། རྗེས་བྱ་གསུམ་གྱི་ཡན་ལག་སྟེ། བཅོ་བརྒྱད་ནི། ༡གཞི་བསླང་བའི་འཕྲིན་ལས། ༢བྱིན་གྱིས་བརླབས་པའི་འཕྲིན་ལས། ༣ཕྱོགས་བཅུར་མཚམས་བཅད་པའི་འཕྲིན་ལས། ༤ཕོ་བྲང་དཀྱིལ་འཁོར་བརྩིག་པའི་འཕྲིན་ལས། ༥ཐིག་གདབ་པའི་འཕྲིན་ལས། ༦སྟ་གོན་ལ་གནས་པའི་འཕྲིན་ལས། ༧རྒྱན་དགོད་པའི་འཕྲིན་ལས། ༨སྤྱན་དྲངས་རྟེན་ལ་བསྟིམ་གྱི་གདན་ལ་བཞུགས་པའི་འཕྲིན་ལས། ༩གཙང་ཆུས་ཁྲུས་གསོལ་བ་དང་རྡུལ་ཕྱི་བའི་འཕྲིན་ལས། ༡༠ཕྱག་འཚལ་མཚན་བསྟོད་མཆོད་པ་འབུལ་བའི་འཕྲིན་ལས། ༡༡ལྷ་ཕྱག་འཚལ་ནས་སྡིག་པ་བཤགས་པར་མཛད་པའི་འཕྲིན་ལས། ༡༢དཀྱིལ་འཁོར་གྱི་སྒོ་དབྱེ་བའི་འཕྲིན་ལས། ༡༣མེ་ཏོག་གཏོར་ནས་སྨོན་ལམ་གདབ་པའི་འཕྲིན་ལས། ༡༤བུམ་ཁྲུས་བྱས་ནས་དབང་བསྐུར་བའི་འཕྲིན་ལས། ༡༥དབང་རྫས་གཏད་ནས་དངོས་གྲུབ་སྦྱིན་པའི་འཕྲིན་ལས། ༡༦མགྲོན་དབྱིངས་སུ་བསྐྱོད་པའི་འཕྲིན་ལས། ༡༧གཞལ་ཡས་ཁང་དང་གདན་བསྐྱོད་པའི་འཕྲིན་ལས། ༡༨བརྟན་པའི་བཀྲ་ཤིས་གསོལ་བའི་འཕྲིན་ལས་དང་བཅོ་བརྒྱད་དོ། །དེ་ཡང་མདོ་གཟེར་མིག་ལེའུ་བཅུ་བཞི་པའི་བསྟན་བྱའོ། །
Domain ཆོས་ལུགས།