67747
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། བཀའ་ལྷོ་ཡི་གཏེར་ལུགས་ཀྱི་ཐེག་དགུ་ལས། རྒྱུ་ཐེག་བཞིའི་གསུམ་པ་འཕྲུལ་གཤེན་ཐེག་པའི་བོན་སྤྱོད་ལ་གདུལ་ཞིང་ལ་ཕན་བདེ་བསྐྱེད་པའི་ཐབས་སུ། བསྙེན་སྒྲུབ་ཀྱི་སྒོ་ནས་ལས་སྦྱོར་མནན་སྲེག་འཕང་གསུམ་དང་འབྲེལ་བར་ལྷ་རྒོད་ཀྱི་དམོད་བྱད་དང་། མ་མོའི་ཟོར་བྱད། ནག་པོ་བདུད་ཀྱི་ལྷ་བྱད། ནག་པོ་བཟློག་པའི་འཁོར་ལོ། དབལ་མོ་སྲོག་གི་སྤུ་གྲི་སོགས་དྲག་ཐབས་ཀྱི་བོན་སྡེའི་སྐོར་རྣམས་ལག་ལེན་བྱ་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། དཔའ་རྡུལ་(རྟུལ་)འཛབ་བསྙེན་དྲག་ཤུལ་ཅན། ཐོགས་མེད་དྲག་ཤུལ་ལས་ལ་བརྩོན། འཕྲུལ་གཤེན་ཙྭོའི་དབང་རྣམས་བསྐུར། འཛབ་བསྙེན་བསྒྲུབ་ལ་ནན་ཆེ་ཞིང་། དྲག་པོའི་དམ་རྫས་རྟག་ཏུ་འཆང་། དྲག་ཤུལ་ལས་ལ་ཐོགས་མེད་པ། པུ་ཐུན་ཐིས་སོགས་འཕྲུལ་དབང་བསྐུར། ཞེས་སོགས་གསུངས་པས། གོང་གསལ་གྱི་བོན་སྤྱོད་སོགས་ཀྱི་ལག་ལེན་ལ་མཁས་ཤིང་སྤྱོད་པ་ཙམ་མ་ཚད། གཟི་བརྗིད་ལས། འཕྲུལ་གཤེན་ཐེག་པའི་བོན་སྒོ་ལ། སྤྱོད་ལམ་འགལ་ཅིང་དོན་ལ་འབྲེལ། ཞེས་པས། སེམས་བསྐྱེད་དམ་དགོངས་པ་རྣམ་པར་དག་པས་བསྟན་དང་འགྲོ་བའི་དོན་དུ། བར་ཆོད་ཀྱི་བགེགས་བསལ་བ་དང་འཇིག་རྟེན་གྱི་དྲེགས་པ་དབང་དུ་བསྡུ་བ་དང་བསྟན་པ་བཤིག་པ་གནས་སུ་བསྒྲལ་ཕྱིར། ཡི་དམ་དབང་དྲག་གང་འོས་ཀྱི་བསྙེན་བསྒྲུབ་ཚད་མཐུན་བརྩོན་ཅིང་རྔམ་གཏུམ་དྲག་ཤུལ་གྱི་ཚུལ་བསྟན་ཏེ། མནན་སྲེག་འཕང་གསུམ་གྱི་ལས་སྦྱོར་གང་ལ་ཐོགས་པ་མེད་པ་དྲག་ཤུལ་གྱི་རྫས་ཛྭ་ཐུན་སོགས་གང་དགོས་འཆང་ཞིང་། བསྟན་འགྲོའི་གནོད་ཕྱོགས་ལ་སྤྱོད་པར་ནུས་པའི་གང་ཟག་གམ་གཤེན་རབ་དག་ཏུ་བཤད་དོ། ། |
| Domain | ཆོས་ལུགས། |