67748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲུལ་གཤེན་བལ་མཚོན་ཅན་ (1)
Part of speech མིང་ཚིག
Definition འདི་ནི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་སྨྲ་ཤེས་གཏོ་རྒུའི་བོན་ཟེར་བ་དེ་ཡིན། བལ་ཚོན་སྣ་ལྔའི་སྐུད་པ་ལ་བརྟེན་ནས་ནམ་མཁའ། ས་གཞི། ཁང་བཟང་སོགས་ལྷས་ཏེ་མདོས་ཁང་བཟོས་པའི་མདུན་དུ་ནད་པའམ་རྐྱེན་སེལ་བྱ་ཡུལ་གྱི་འདྲ་བརྙན་བཞག མཐའ་བསྐོར་དུ་ལྷ་འདྲེ་མཐུ་བའི་མཐུན་རྫས་སྣ་ཚོགས་ཀྱིས་གང་བ་བཤམས་ཏེ་གནོད་བྱེད་གདོན་འདྲེར་བསྔོས་པས་བར་ཆད་སེལ་བ་དང༌། ལྷ་འདྲེ་རྣམས་ཀྱི་ལོ་རྒྱུས་སྨྲ་ཤེས་པ་དང༌། དེ་ཡི་ཆོས་ཉིད་དང་ཕན་གནོད་ཤེས་པའི་བོན་ཞིག་ལ་ཟེར་སྲོལ་འདུག མདོས་དེ་ཡང་གོང་བཞིན་བོད་ཀྱི་སངས་རྒྱས་ཀྱི་ཆོས་ལའང་ཡོད།
Domain ཆོས་ལུགས།