67767

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲུལ་བློན་མཛངས་པའི་མི་བདུན་ (1)
Part of speech མིང་ཚིག
Definition རྒྱལ་པོ་པུ་དེ་གུང་རྒྱལ་སྐབས་ཀྱི་བློན་པོ་རུ་ལས་སྐྱེས་འདིས་བློན་པོ་ལོ་ངམ་བཏུལ་ཞིང༌ཤིང་མེ་ལ་བསྲེགས་ཏེ་སོལ་བའི་མེའི་ནང་གསེར་དངུལ་ཟངས་བཞུ་བ། ཤིང་ལ་མིག་ཕུག་ནས་གཉའ་ཤིང་བཟོ་བ། རྨོན་ཕྱུགས་གཉིས་བསྒྲིགས་ནས་རྨོན་པ་རྒྱག་པ། ཕུ་ཆུ་ཡུར་བ་དྲངས་ཏེ་ཞིང་ལ་ཆུ་གཏོང་བ། སྤང་ཐང་སྦོལ་ནས་ཞིང་འདེབས་པ། ཆུ་ལ་ཟམ་པ་བཙུགས། རྒྱལ་པོ་ཨི་ཤོ་ལེགས་སྐབས་ཀྱི་བློན་པོ་ལྷ་བུ་མགོ་དཀར་འདིས་ས་ཞིང་གི་རྒྱ་ཁྱོན་དོར་ཁ་རྩིས་ནས་ཚད་འཇལ་བ་དང༌། འབྲོག་ལས་ལ་ཐུལ་ཀ་བརྩིས་ཏེ་སེམས་ཅན་ཁ་གྲངས་མང་ཉུང་འཇལ་ཐབས་གཏན་འཁེལ་བཟོས། རྒྱལ་པོ་སྟག་རི་གཉན་གཟིགས་སྐབས་ཀྱི་ངོར་སྣང་མང་བཙན་འདིས་ཤོང་ཚད་འཇལ་བའི་བྲེ་ཕུལ་གྱི་ཚད་གཞི་དང༌། ལྗིད་ཚད་འདེགས་པའི་སྲང་གི་ཚད་གཞི་ཐོགས་མར་བཟོས་ཏེ་ཞིང་འབྲོག་གཉིས་ཀྱི་ཚོང་ལས་ལ་སྟབས་བདེ་དང་གོང་འཕེལ་ཆེན་པོ་བྱུང་། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་སློབ་དཔོན་ཐོན་མི་སམ་བྷོ་ཊ་འདིས་བོད་སྤྱིའི་ཕལ་སྐད་དང་མཐུན་པའི་དེང་སྐབས་ཀྱི་བོད་ཡིག་གསར་གཏོད་དང་བརྡ་སྤྲོད་རིག་པའི་བསྟན་བཅོས་བརྒྱད་མཛད། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་པོ་གཉགས་ཁྲི་བཟང་ཡང་སྟོན་འདིས་འབངས་ཀྱི་རི་ཁྱིམ་ཀླུང་ཐང་དུ་སྤོས་ཏེ་མཁར་གྲོང་དང་གྲོང་ཁྱེར་དུ་བསྒྱུར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་ཆེན་འགོས་ཁྲི་བཟང་ཡབ་ལྷག་འདིས་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་སྐབས་ཕན་ཚུན་ཁ་གཏད་གཉིས་ཕྱོགས་ནས་ཕུལ་བའི་ཞུ་བ་ལས་གཞིར་བཟུང་ནས་བདེན་རྫུན་བརྟག་དཔྱད་བྱ་ཐབས་ཀྱི་བྱང་བུ་རིགས་དགུ་བཟོས་ཏེ་གསོས་ཐང་དང༌། དགུང་བློན་ཆེན་པོ་ནས་འབངས་ཀྱི་བར་རིམ་པ་མཐོ་དམན་དང་བསྟུན་ནས་རྨས་པ་དང་བསད་པའི་སྟོང་འཇལ་ཆེ་ཆུང་གི་སྟོང་ཐང་གསར་པ་གཏན་འབེབས་བྱས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་པོ་སྟག་བཙན་ལྡོང་གཟིགས་འདིས་འབངས་མི་ཁྱིམ་རེས་རྟ་རེ་དང༌། མཛོ་རེ། བ་རེ། གླང་རེ་བཅས་གསོ་དགོས་པ་དང༌། དབྱར་ཁ་རྩྭ་མང་པོ་བརྔས་ཏེ་དགུན་རྩྭ་གསོག་འཇོག་བྱ་དགོས་པར་གཏན་འབེབས་བྱས་པ་བཅས་ཀྱི་བྱས་རྗེས་དེས་བོད་ཀྱི་ཁྲིམས་ལུགས་དང༌། སྐད་ཡིག ཚོང་ལས། ཞིང་འབྲོག་ཐོན་སྐྱེད་བཅས་ལ་ཕན་ཡོད་ཀྱི་ནུས་པ་ཆེན་པོ་ཐོན་པ་མཐོང་ཐུབ།
Domain ལོ་རྒྱུས།