67768

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲུལ་བློན་མཛངས་མི་བདུན་ (1)
Part of speech མིང་ཚིག
Definition བོད་ཡུལ་དར་རྒྱས་ཡོང་བ་ལ་མཛད་རྗེས་ཆེ་བའི་བློན་པོ། མཁས་མཛངས་ཅན་བདུན་ཏེ། པུ་དེ་གུང་རྒྱལ་སྐབས་ཀྱི་རུ་ལས་སྐྱེས། དེས་སོལ་བས་བསྲེགས་ཏེ་གཏེར་རྡོ་བཞུས། རྡོ་ལས་གསེར་དངུལ་ཟངས་ལྕགས་བཏོན། མཛོ་གཉིས་དོར་བསྡེབས་ས་ཞིོང་རྨོས། ཐོང་གཤོལ་གཉའ་ཤིང་གསར་དུ་བཅོས། ཆུ་ཡུར་དྲངས་པའི་ལག་རྩལ་དར། ཨེ་ཤོ་ལེགས་སྐབས་ཀྱི་ལྷ་བུ་མགོ་དཀར། དེས་ཞིང་ལ་དོར་ཁ་བརྩི་བ་དང་། འབྲོག་ལ་ཐུར་མའི་གྲངས་བརྩིས་ཀྱི་ཁྲལ་ཞིབ་བྱས། ཞིང་ཆུ་མ་རྨོ་བའི་སྲོལ་གཏོད། སྟག་རི་གཉན་གཟིགས་སྐབས་ཀྱི་ཁྲི་ངོར་སྣང་བཙན་མང་། བྲེ་དང་། ཕུལ་དང་། སྲང་རྣམས་ལེགས་བཅོས་བྱས་ཏེ་ཚོང་ལས་དར་སྤེལ་བྱས། སྲོང་བཙན་སྒམ་པོ་སྐབས་ཀྱི་ཐུ་མི་སམ་བྷོ་ཊ། དེས་བོད་ཀྱི་བརྡ་སྤྲོད་གསར་དུ་བརྩམས། བོད་ཡིག་ལེགས་བཅོས་བྱས། ཡི་གེ་གསར་གཏོད་བཟོ་མཁན་ཡང་ཟེར། སྙགས་ཁྲི་བཟང་ཡང་སྟོན། དེས་བོད་ཀྱི་ཀླུང་ཐང་དུ་གྲོང་སྡེ་གསར་པ་བཙུགས་མཁན་ཡིན། ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་འགོས་ཁྲི་བཟང་ཡབ་ལྷག དེས་མི་བསད་པ་ལ་སྟོང་དང་། རྨས་པ་ལ་ཁྲག་གི་སྟོང་མཇལ་སྤྲོད་དགོས་པའི་དམངས་ཁྲིམས་ཐོག་མར་བཟོ་མཁན་ཡིན། སྟག་བཙན་གདོང་གཟིགས། དེས་དགུན་དུས་ཕྱུགས་ཟོག་རྣམས་གསོ་བའི་ཆེད་དུ། དབྱར་དུས་རྩྭ་སྔོན་རྣམས་བཏུ་ཞིང་སྐམ་གསོག་བྱ་སྟེ་ཉར་ཚགས་བྱ་བའི་སྲོལ་གཏོད།
Domain ལོ་རྒྱུས།