67777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲུལ་འཁོར་བརྒྱད་ (1)
Part of speech མིང་ཚིག
Definition དུས་འཁོར་ལུགས་ཀྱི་འཕྲུལ་འཁོར་ཏེ། ཐང་རྫོང་གཞིག་པར་བྱ་བའི་ཕྱིར་རྡོའི་འཕྲུལ་འཁོར། ཆུ་རྫོང་འཇིག་པ་གྲུའི་འཕྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཕྲུལ་འཁོར། བརྩིགས་པ་འཇིག་པ་གུར་གྱི་འཕྲུལ་འཁོར། རང་ཕྱོགས་སམ་ཕོ་བྲང་སྲུང་བ་རལ་གྲིའི་འཕྲུལ་འཁོར། གཞན་བདེ་བར་སྤྱོད་པ་རྩེད་མོ་བྱེད་པ་རླུང་གི་འཕྲུལ་འཁོར། མེ་ཏོག་དང་བཟའ་ཤིང་གི་ར་བའི་དོན་དུ་ཆུ་གྱེན་དུ་འདྲེན་པའི་འཕྲུལ་འཁོར། གོ་ཆ་འཇིག་པ་ལྕགས་མདའི་འཕྲུལ་འཁོར་དང་བརྒྱད་དོ། །
Domain ཆོས་ལུགས།