67784
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལྷ་སའི་ལྟེ་བར་ཡོད་པའི་ལྷ་ལྡན་གཙུག་ལག་ཁང་སྟེ། དུས་རབས་བདུན་པའི་དཀྱིལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོས་རྒྱ་རྩིས་ལ་བརྟེན་ནས་ས་དཔྱད་བཏབ་པ་ལྟར་བལ་བཟའ་ཁྲི་བཙུན་གྱིས་བསྐུལ་ནས་ཆོས་རྒྱལ་གྱིས་བཀོད་ཇུས་བཏང་ཐོག་སྒོ་འཕར་ནུབ་ཕྱོགས་སུ་བསྟན་ནས་བཏབ་པའི་འཁོར་ས་ཕྱི་ནང་སྟེང་ཤོད་ཁྱོན་ལ་ལྷ་ཁང་ཆེ་ཆུང་བདུན་ཅུ་ལྷག་ཙམ་ཡོད། དབུས་ཀྱི་རྟེན་གཙོར་རྒྱ་བཟའི་རྟེན་སྐལ་དུ་དྲངས་པ་ཤཱཀྱ་ཐུབ་པ་ལོ་གྲངས་བཅུ་གཉིས་པའི་ཚད་དང་མཐུན་པའི་ཇོ་བོ་ཤཱཀྱ་མུ་ནེ་དང༌། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་མ་བཅས་ཀྱིས་མཚོན་གྲུབ་མཐའ་རིས་མེད་ཀྱིས་མཆོད་པའི་ལྷ་སྐུ་མང་པོ་དང་སྒོ་འཕྱོར་གྱི་མདུན་ཕྱོགས་སུ་རྒྱ་བོད་ཤན་སྦྱར་གྱི་ཡི་གེ་འཁོད་པའི་རྡོ་རིང་དང༌། ཇོ་བོའི་དབུ་སྐྲར་གྲགས་པའི་རྒྱ་ལྕང་གི་ལྗོན་ཤིང་ཆེན་པོ་ཞིག་ཀྱང་ཡོད་ཅིང༌། སྔ་དུས་ལོ་ལྟར་ཧོར་ཟླ་དང་པོའི་ནང་དབུས་ཀྱི་གདན་ས་གསུམ་གྱི་དགེ་འདུན་ཁྲི་ཕྲག་ལྷག་ཙམ་འཚོགས་ནས་ཆོ་འཕྲུལ་སྨོན་ལམ་གྱི་དུས་མཆོད་ཆེན་མོ་ཚུགས་ཡུལ་ཡང་འདི་ཉིད་ཡིན། |
{{#arraymap:འཕྲུལ་སྣང་གཙུག་ལག་ཁང་
|; |@@@ | | }}