67801

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྲེད་ཉལ་ (1)
Part of speech མིང་ཚིག
Definition ལུས་ཀྱི་རྩ་ལམ་ཞིག་སྟེ། རྣ་ལྟག་སྟེང་ནས་ཡར་ཚོན་གང་གཞལ་བའི་ཀླད་རུས་ཀྱི་ལྷ་བའི་གསེབ་ནས་འཕྲེད་དུ་སོར་བཞིའི་ས་ན་ཡོད་པའི་བོན་ཐོད་བྱ་བའི་རུས་རྩའི་མིང༌།
འཕྲེད་ཉལ་ (2)
Part of speech མིང་ཚིག
Definition ཉལ་ཁྲི་སོགས་སུ་ཐོག་གཞུང་ངམ་དཀྱུས་ལ་མི་ཉལ་བར་འཕྲེལ་དུ་ཉལ་ཚུལ།
Example ཉལ་ཁྲིའི་ཐོག་འཕྲེད་ཉལ་བྱས་ཏེ་གཉིད་ལ་ཤོར་ཞེས་པ་ལྟ་བུ།
འཕྲེད་ཉལ་ (3)
Part of speech མིང་ཚིག
Definition ལྟག་པ་དང་མཚོག་མ་རིང་བའི་མགོ་དབྱིབས་འཇོང་མོའི་མིང༌།