6791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏན་ཚིགས་ཀྱི་ལྡོག་པ་ཅན་ (1)
Part of speech མིང་ཚིག
Definition ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་ལྔ་པ་སྟེ། བརྗོད་པར་འདོད་པའི་དཔེ་དོན་གཉིས་ཁྱད་ཆོས་འགའ་ཞིག་གི་སྒོ་ནས་མཚུངས་པར་བརྗོད་ཅིང་། སླར་ཡང་དཔེ་ཅན་ནམ་དོན་ལ་ཡོད་པའི་མི་འདྲ་བའི་ཁྱད་ཆོས་ཤིག་རྒྱུ་མཚན་དུ་བཀོད་ནས་དེ་གཉིས་པོ་སོ་སོར་དབྱེ་བ་འབྱེད་པར་བྱེད་པ་ཞིག་ཡིན།
Example བོད་མཁས་པས། འཁོར་གྱི་ནང་ན་གཟི་བརྗིད་མཚུངས་པ་མེད། །ཀུན་ལ་ཕན་པས་སྙོམས་པའི་ཕྱིར་རྒྱུ་ཡང། ། བླུན་ཅིང་འཆར་ནུབ་དབང་དུ་གྱུར་པའི་ཕྱིར། །ས་བདག་ཁྱོད་ལས་ཉིན་མོར་བྱེད་པ་དམན། །ཞེས་པ་ལྟ་བུ།
Domain རྩོམ་རིག