67915

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབབ་ (1)
Part of speech བྱ་ཚིག
Definition རྟ་སོགས་ཀྱི་གོང་ནས་མར་གཞོལ་བའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [འབབ།, སྦྲ་འདབས་སུ་སླེབས་དུས་རྟ་ལས་འབབ་དགོས།]
Present [འབབ།, མགྲོན་པོ་རྟ་ལས་འབབ་བཞིན་པར་སྣེ་ལེན་གྱིས།]
Past [བབས།, རི་རྩར་བབས་ནས་ངལ་གསོས།]
Imperative [བོབས།, མགྲོན་པོ་ལགས་རྟ་ལས་བོབས་ཤིག་ལྟ་བུ།]
འབབ་ (2)
Part of speech བྱ་ཚིག
Definition ཐོ་ས་ནས་དམའ་སར་ལྷུང་བའི་དོན།
Keyword True
Future [འབབ།, སང་ཉིན་ཆར་འབབ་ན་ཐང་།]
Present [འབབ།, དེ་རིང་འདི་ན་ཆར་འབབ་ཀྱིན་འདུག]
Past [བབས།, ཆར་བབས་ནས་ཆུ་བྲུག་ལྟ་བུ།]
འབབ་ (3)
Part of speech བྱ་ཚིག
Definition ཚོང་ཟོང་གི་རིན་གོང་མར་ཆག་པའམ་ཇེ་ཆུང་དང་ཇེ་ཉུང་དུ་སོང་བའི་དོན།
Keyword True
Future [འབབ།, དབྱར་དུས་དགུན་ལྭ་རྣམས་གོང་འབབ་ངེས།]
Present [འབབ།, སྙིང་ཁམས་ཀྱི་ན་ཟུག་མར་འབབ་བཞིན་པའི་སྐབས་རེད།]
Past [བབས།, ཆར་བབས་ནས་ས་རློན་པ་ཆགས་སོང་ལྟ་བུ།]
འབབ་ (4)
Part of speech བྱ་ཚིག
Definition དོན་ཧ་གོ་བ་དང་ཡིད་ལ་ཤར་བ་སྟེ།
Future [འབབ།, ཞུ་ཚིག་སེམས་ལ་འབབ་དགོས།]
Present [འབབ།, སེམས་ལ་འབབ་ཐབས་གསལ་བོར་ཞུས།]
Past [བབས།, སེམས་ལ་བབས་ནས་ཧ་གོ་ལྟ་བུ།]
འབབ་ (5)
Part of speech བྱ་ཚིག
Definition འཐད་པའམ་འདུན་པའི་དོན།
Keyword True
Future [འབབ།, ཚིག་འདི་སྐུ་མགྲོན་གྱི་སེམས་ལ་འབབ་དགོས།]
Present [འབབ།, སེམས་ལ་འབབ་ཐབས་སྣ་ཚོགས་བྱས།]
Past [བབས།, སེམས་ལ་བབས་ནས་སྙིང་གཏམ་ཆ་ཚང་བཤད་ལྟ་བུ།]
འབབ་ (6)
Part of speech བྱ་ཚིག
Definition གྲུབ་པའམ་བྱུང་བའི་དོན།
Future [འབབ།, ཧོལ་རྒྱུག་བྱས་ན་མགོ་ལ་ཆག་སྒོ་འབབ་ངེས།]
Present [འབབ།, རྒས་ནས་གདོང་ལ་གཉེར་མ་འབབ་བཞིན་པ།]
Past [བབས།, ཞབས་རྗེས་གངས་ལ་བབས་སོང་ལྟ་བུ།]
འབབ་ (7)
Part of speech བྱ་ཚིག
Definition བྱ་བ་སོགས་བསྒྲུབ་རྒྱུའི་འགན་འཁུར་དགོས་བྱུང་བའི་དོན།
Future [འབབ།, ལོ་ཤས་ནས་ཕ་རྒན་གྱི་འགན་བུ་ལ་འབབ་ཡོང་།]
Present [འབབ།, ཁྱེད་ལ་འགན་འབབ་བཞིན་པ་ཤེས་དགོས།]
Past [བབས།, ལས་འགན་མང་པོ་མགོ་ལ་བབས་ནས་ཧ་ཅང་དཀའ་ལྟ་བུ།]
འབབ་ (8)
Part of speech བྱ་ཚིག
Definition ལག་ཏུ་ཐོབ་པའམ་འབྱོར་བའི་དོན།
Future [འབབ།, ཟླ་རྗེས་མར་ཕོག་དངུལ་ལག་ལ་འབབ་ངེས།]
Present [འབབ།, དངུལ་མང་པོ་ལག་ལ་འབབ་ཐབས་སུ་ཚོང་བྱེད་བཞིན་པ།]
Past [བབས།, དངུལ་ལག་ལ་བབས་ནས་དགའ་ལྟ་བུ།]