6795

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏན་ཚིགས་ཆོས་རྟགས་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྒྱལ་བའི་བཀའ་ལས་ངེས་པར་སྣང་བ་ཞིག་དགོས་ཏེ་མི་སྣང་ན་ཡིད་ཆེས་མི་སྐྱེ་ཞིང་རྒྱབ་རྟེན་མེད་པར་འགྱུར་བ་དང༌། དོན་ངོ་བོ་ཆོས་ཉིད་དང་མི་འགལ་བ་ཞིག་དགོས་ཏེ་འགལ་ན་སྙིང་པོ་མེད་པར་ཡ་ཆ་བར་འགྱུར་བ་དང༌། གཏན་ཚིགས་ཀྱིས་རྒྱས་པར་བསྟན་པ་ཞིག་དགོས་ཏེ་མ་རྒྱས་ན་ཇི་བཞིན་དུ་གཏན་ལ་མི་ཕེབས་པས་ཤེས་བྱའི་ལྷག་མ་ལུས་པར་འགྱུར་བ་དང༌། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་མཆོག་གིས་འཐད་པར་གྲུབ་པ་ཞིག་དགོས་ཏེ་མ་འཐད་ན་ཡང་དག་པའི་དོན་དུ་མི་འོས་པས་རྟོགས་ཀྱང་འབྲས་བུ་ཐོབ་པར་མི་གཤའ་བ་དང་བཞིའོ། །མདོ་དགོངས་པ་འདུས་པར་བསྟན་པ་བཞི་པོ་རེ་རེ་བཞིན་ཆོས་རྟགས་བཞི་པོ་དང་སྦྱར་ནས་ཡིད་ཆེས་པའི་གནས་སུ་འགྲུབ་པར་བྱེད་པ་ཡིན་ནོ། །
Domain ཆོས་ལུགས།