68007
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། འབར་བ་ཆེན་པོའི་ཞལ་དགུ་ནི། དཔལ་ཁྲག་འཐུང་ཆེན་པོའི་དབུ་དགུ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། དབུས་ཀྱི་ཞལ་མཐིང་ནག་ཏུ་གནས་པ་བཛྲ་ཧེ་རུ་ཀཿའི་ཞལ། གཡས་དང་པོ་སྨུག་ནག་ཏུ་གནས་པ་བུདྡྷ་ཧེ་རུ་ཀཿའི་ཞལ། ཐ་མ་སེར་ནག་ཏུ་གནས་པ་རཏྣ་ཧེ་རུ་ཀཿའི་ཞལ། གཡོན་གྱི་དང་པོ་དམར་ནག་ཏུ་གནས་པ་པདྨ་ཧེ་རུ་ཀཿའི་ཞལ། ཐ་མ་ལྗང་ནག་ཏུ་གནས་པ་ཀརྨ་ཧེ་རུ་ཀཿའི་ཞལ། དེའི་སྟེང་ན་ཞལ་དམར་པོར་གནས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེའི་ཞལ། གཡས་དཀར་པོ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་རང་བཞིན་རྒྱུའི་ངོ་བོ་རྡོ་རྗེ་སེམས་དཔའི་ཞལ། གཡོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་བུའི་ངོ་བོ་མི་བསྐྱོད་པའི་ཞལ། དེའི་སྟེང་གི་ཞལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཟུགས་དཔལ་ཀུན་ཏུ་བཟང་པོའི་ཞལ་ཏེ། དེ་དག་ཀྱང་རིམ་བཞིན་དུ། དབུས་ཞལ་སྒེག་པའོ། །གཡས་པ་གཉིས་དཔའ་བ་དང་འཇིགས་སུ་རུང་བ། གཡོན་གཉིས་རྒོད་པ་དང་གཤེ་བ། དབུས་འཇིགས་པར་བྱེད་པ་དང་། གཡས་དཀར་བ་སྙིང་རྗེ། གཡོན་སྔོ་བ་རྔམ་པ། དབུས་དཀར་ཞིང་དམར་བ་ཞི་བའི་ཞལ་ལོ། །ཞེས་གསུངས། |
| Domain | ཆོས་ལུགས། |