68026

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབར་འཛིན་ (1)
Part of speech མིང་ཚིག
Definition འབར་འཛིན་ནམ་འབར་བ་འཛིན་ནི་ཛ་ལནྡྷ་ར་བ་ཞེས་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས་ལ། གུ་རུ་ཛཱ་ལནྡྷ་རའི་ཡུལ་ན་ག་ར་ཐོང་ཐ་ཞེས་བྱ་བ་ཡིན། རིགས་བྲམ་ཟེ་ཡིན་པ་ལས། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས་དུར་ཁྲོད་དུ་ཕྱིན་ཏེ་ཤིང་གཅིག་གི་རྩར་བསྡད་པས་ཤེས་པ་བདེ་བ་སྙམ་བྱེད་པ་ན། ནམ་མཁའ་ནས་ཊཱ་ཀི་མ་ཞིག་གིས་རིགས་ཀྱི་བུ་ཁྱོད་ཡང་དག་པའི་དོན་ཡིད་ལ་གྱིས་ཤིག་ཟེར་བའི་སྒྲ་བྱུང་བ་དང་། དེ་དགའ་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་ཌཱ་ཀི་མས་ཞལ་དངོས་སུ་བསྟན་ནས་དགྱེས་རྡོར་དུ་དབང་བསྐུར་ཏེ། རྫོགས་པའི་རིམ་པའི་མན་ངག་འདི་ལྟར་བྱིན་ཏེ། ཕྱི་ནང་ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་འདུས། དེ་གསུམ་གྱི་རྣམ་རྟོག་རྩ་གསུམ་དུ་འདུས། རྩ་གཉིས་ངྷུ་ཏིར་འདུས་པ་ལ། དེ་རུ་དྲན་རིག་སྣ་ཚོགས་ཀྱི་རྟོག་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོན་ལ་སྣང་སྟོང་དབྱེར་མེད་དུ་སྒོམས་ཤིག་པའི་གདམས་པ་བྱིན་ནས། ཕྱི་ནང་ཆོས་རྣམས་མ་ལུས་པ། ལུས་ངག་ཡིད་གསུམ་རྟག་ཏུ་འདུས། གཡས་གཡོན་ཨ་ཝ་དྷཱུ་ཏིེར་འདུས། དེ་ཡང་ཚངས་པའི་བུ་ག་སྟེ། སྟོང་པ་ཉིད་དེ་བདེ་ཆེན་མཆོག རྣལ་འབྱོར་དག་པའི་ངང་ལས་བྱུང་། བདེ་སྟོང་ཟུང་འཇུག་བསྐྱིལ་བར་འཚལ། ཞེས་གསུངས་ཏེ་རྫོགས་པའི་རིམ་པ་གནས་དེ་ནས། དེས་ཀྱང་བསྒོམས་པས་བདུན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། དེ་ནས་རྟོགས་པ་བརྗོད་པ་དེ། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་སུམ་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །