68027
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ ༡༣༡༠ ཤངས་ཀྱི་ཆབ་ལུང་དུ་ཡབ་དབོན་འབུམ་ཞེས་པའི་མི་ཆེན་གྱི་སྲས་སུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ལུག་ཕྱི་ལོ ༡༣༩༡ ལོར་སྐུ་གཤེགས། གཞོན་དུས་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱི་གསོལ་ཇ་བ་མཛད། སྒྲོ་མོན་ཅན་པ་སོགས་བླ་མ་རྣམས་ལ་ཁྲིད་ཞུས། ཟུར་ཕུག་པ་དང་། ཤུག་གསེབ་རི་པ་སོགས་ལས་གདམས་པ་ཟབ་དགུ་གསན། བརྩོན་འགྲུས་དྲག་པོས་སྒོམ་སྒྲུབ་མཛད་པས་རྟོགས་པ་བརྙེས། འབའ་ར་དགོན་པ་བཏབ། འདུས་ཚོགས་བསྐྱངས། སྤ་གྲོ་ལར་བསྟན་འགྲོའི་ཞབས་ཏོག་མཛད་པས་འཕྲིན་ལས་རྒྱས། ཤངས་སུ་འགྲོ་དོན་མཛད། སླར་སྤ་གྲོ་ལར་ཆོས་འཁོར་བསྐོར། གྱ་གཉིས་པ་ རབ་བྱུང་བདུན་པའི་ལྕགས་ལུག་ཕྱི་ལོ ༡༣༩༡ ལོར་སྐུ་གཤེགས། ཟུར་ཕུག་པའི་མཆོག་ཏུ་གྱུར་བའི་སློབ་མ་ཡིན་ཞིག |