From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འབིགས་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
རི་བོ་འབིགས་བྱེད་ཀྱི་བསྡུས་མིང་སྟེ། རྒྱ་གར་ལྷོ་ཕྱོགས་ཀྱི་རི་བོ་ཞིག་གི་མིང་སྟེ། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱ་གར་གནས་ཡིག་ལས། ཡུལ་ཀོའུ་ཤམ་བྷིའམ་དེང་སང་གི་མིང་ལ་ཀོ་ཤམ་དུ་འབོད་པ་དེ་ནས་ཁ་ལྷོར་ཕྱོགས་ཏེ་རྒྱང་རིང་པོར་བལྟ་སྐབས་རི་ཞིག་མཐོང་རྒྱུ་ཡོད་པ་དེ་རི་བོ་འབིགས་བྱེད་ཡིན་ཞེས་བསྟན་པ་བཞིན་ནོ།
|
འབིགས་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
ཐོག་གི་མིང་སྟེ། ཅི་ལ་ཡང་ཐོགས་པ་མེད་པར་ཐལ་མར་བརྟོལ་བས་སོ། །
|
| Type
|
མངོན་བརྗོད།
|
འབིགས་བྱེད་ (3)
| Part of speech
|
མིང་ཚིག
|
| Definition
|
བྱི་བ་སྟེ། ཁུང་བུ་རྐོ་བར་བྱེད་པས་སོ། །
|
འབིགས་བྱེད་ (4)
| Part of speech
|
མིང་ཚིག
|
| Definition
|
མིང་མདའི་མིང་སྟེ། གང་ལ་ཕོག་པ་དེ་འབིགས་པར་བྱེད་པས་སོ། །
|
འབིགས་བྱེད་ (5)
| Part of speech
|
མིང་ཚིག
|
| Definition
|
རླུང་འཚུབ་སྟེ། རེག་བྱ་རྩུབ་ཅིང་ས་ལ་འབིགས་པར་བྱེད་པས་སོ། །
|