68059
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྲད་སོགས་སྔོ་ལྡུམ་གྱི་གསེབ་ཏུ་ཤས་ཆེར་གནས་པའི་སྲིན་འབུའི་རིགས་ཤིག་སྟེ། ཆེ་ཆུང་ངེས་གཏན་མེད་པ་སྣ་ཚོགས་ཡོད་ཅིང༌། སྟོད་ཅུང་ཟད་ཕྲ་ལ་སྨད་སྦོམ་པར་ཡན་ལག་དྲུག་ཡོད་པ་དང༌། སྣའི་རྩེར་མཆེ་བ་ལྟ་བུའམ་རྭ་འདྲ་བ་གཉིས་དོན་ཡོད། གཤོག་པའི་ཤུན་པ་ནག་པོར་འཕྲེད་ཐིག་དམར་ཁྲ་དང༌། སེར་ཁྲ། ནག་ཁྲ། སྔོ་ཁྲ་ངེས་མེད་གསུམ་རེ་ཡོད་ལ། མགོ་བོ་དང་རྐང་ལག་བྲང་གསུམ་ནག་པོ་ཡིན་ཞིང་ལུས་ནས་དྲི་ངན་མནམ་པ། དེ་དག་ལས་བཟང་བ་མདོག་དམར་ཁྲ་ལ་སྐྱི་ཚེར་དང་སྲད་གསེབ་གནས་ཤིང༌། ཐན་ཆེ་སྟོན་སེར་གྱི་དུས་གྲིར་ཤི་བ་བཟང་བ་དང༌། ངན་པ་མདོག་སེར་ཁྲ་ལ་ཡོག་མོའི་ལོ་གསེབ་གནས་ཤིང༌། ནམ་གཞུག་ཆད་དུས་ཤི་བ་ངན་པའོ། །རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། དམར་ཁྲ་ནུས་པ་ལྕི་ལ་རྣོ། ནག་ཁྲ་ནུས་པ་རྣོ་ལ་རྩུབ། ནུས་པས་རྩ་ནད་དང༌། ཆུ་འགག་སྦྱོང་བར་བྱེད། |