68066
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསེར་གྱིེ་ཅོད་པན་ཞེས་པ་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྙུང་རིལ་དབྱིབས་ཅན་ཕྲ་ལ་རིང་བར་ཨ་ར་འདྲ་བའི་རྩ་ཕྲན་མང་པོ་ཡོད་པ། སྡོང་པོ་སྔོ་ལྗང་ཕྲ་ལ་རིང་བར་ཡལ་ག་གྱེས་པ་བགྲད་དེ་ལོ་མ་སྔོ་ལྗང་སྲབ་ལ་སྒོར་ཆུང་གི་མཐའ་མཉམ་པར་རྩ་རིས་ཕྲེད་དུ་གྱེས་ཏེ་གསལ་པོར་མངོན་པའི་ངར་བ་ཐུང་བ་གསུམ་སྒྲོམ་བྱས་ནས་རིམ་པས་སྐྱེས་ཡོད། མེ་ཏོག་སེར་པོ་ཆུང་ཞིང་དབྱིབས་སྲན་མའི་མེ་ཏོག་འདྲ་བ་སྡོང་པོ་དང་ཡལ་གའི་མཚམས་ནས་འཆར། གང་བུ་ཆུང་ཆུང་སྣུམ་པོ་སྲན་མའི་གང་བུ་འདྲ་བའི་ནང་འབྲུ་ནག་སྨུག་ཤིན་ཏུ་ཆུང་བ་གསུམ་རེ་ཡོད་དོ། ། |