68093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུབས་ (1)
Part of speech བྱ་ཚིག
Definition ཁང་པ་སོགས་ཀྱི་ཀླད་བཀབ་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [དབུབ།, ཉིན་མ་ཁ་ཤས་ཀྱི་རྗེས་ལ་ལྷ་ཁང་གི་ཐོག་དབུབ་དགོས།]
Present [འབུབས།, ལྷ་ཁང་གི་གི་ཀླད་འབུབས་བྱེད་ཀྱི་ཤིང་ཆ་བསྒྲིག་དགོས།]
Past [ཕུབ།, ལྷ་ཁང་གི་སྟེང་ཕུབ་ཟིན་རྗེས་སྟོན་མོ་བྱས།]
Imperative [ཕུབས།, ཁང་པའི་ཐོག་ཕུབས་ཤིག་ལྟ་བུ།]
འབུབས་ (2)
Part of speech བྱ་ཚིག
Definition སྦྲ་གུར་སོགས་གྱེན་དུ་བསླངས་པའི་དོན།
Future [དབུབ།, དབུབ་བྱའི་སྦྲ་གུར།]
Present [འབུབས།, འབུབས་བྱེད་ཀྱི་ཀ་ར།]
Past [ཕུབ།, སྦྲ་གུར་ཕུབ་རྗེས་ཇ་བསྐོལ།]
Imperative [ཕུབས།, ཁུར་ཕུབས་ཤིག་ལྟ་བུ།]