68100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུམ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པ་གསུམ་དོན་མཐུན་པར་མངོན་རྟོགས་བརྒྱད་དུ་བསྟན་པ་ (1)
Part of speech མིང་ཚིག
Definition པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་འབུམ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པ་གསུམ་དོན་མཐུན་པར་མངོན་རྟོགས་བརྒྱད་དུ་བསྟན་པ། མཇུག་ཏུ་འདིར་ལེའུའི་མཚམས་རྣམས་ནི་ཁྲི་བརྒྱད་སྟོང་པ་བཙན་པར་བྱས་ཏེ་སྦྱར་བ་ཡིན་པས་འབུམ་དང་སྦྱར་བ་ལེའུ་ཉུང་བས་ལེའུ་མཚམས་མི་མཐུན་པ་མདོའི་ཚིག་བཙན་པར་བྱས་ཏེ་དོན་དང་སྦྱར་རོ། ། བུ་སྟོན་དང་། པེ་ཅིང་པར་མ་དང་།སྣར་ཐང་དཀར་ཆག་ཏུ་འདི་ལ་དཔེ་རྙིང་དག་པོ་རྣམས་ན་པཎྜི་ཏ་བྱམས་པས་མཛད་བྱ་བ་སྣང་སྟེ། དེ་ལྟར་ན་མཻ་ཏྲི་པ་ལ་སྨྲྀ་ཏིར་ནོར་བ་ཡིན་ནམ་སེམས་སོ། ། ཞེས་དང་། སྡེ་དཀར་དུའང་བུ་སྟོན་གྱི་གསུང་ཁ་འཕངས་འདུག བསྟན་འགྱུར་ཤེས་ཕྱིན་ཁ་པར་བཞུགས།