68103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུམ་ཕྲག་གསུམ་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཆུ་བྱི་ཕྱི་ལོ ༡༤༣༢ ལོར་གཡས་རུ་ཁང་དམར་བྲག་ཁྱུང་དུ་འཁྲུངས། དགུང་ལོ་བདུན་པར་སེམས་དཔའ་གཞོན་ནུ་རྒྱལ་མཆོག་ལས་རབ་ཏུ་བྱུང་། ཡི་གེའི་སྦྱོར་ཀློག་བཅས་བསླབས། མདོག་ཆོས་འཁོར་སྒང་དུ་པཎ་ཆེན་སངས་རྒྱས་སེང་གེ་དང་། བྱང་སེམས་བློ་གྲོས་རིན་ཆེན། དོལ་ཕྲུག་ཆོས་བཟང་རྣམས་ལས་གཞུང་ཆེན་མཁས་པར་སྦྱངས། ས་སྐྱར་དཀའ་བཅུའི་གྲྭ་སྐོར་མཛད། འབྲས་ཡུལ་སྐྱེད་ཚལ་དུ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་ལས་གཞུང་ལུགས་ཀུན་ལ་ཐུགས་བརྩོན་མཛད། བཤད་པ་མཛད་པས་འབུམ་ཕྲག་གསུམ་པ་ཞེས་མཚན་སྙན་གསོལ། སྒྲ་པ་ཤེས་རབ་རིན་ཆེན་དང་། ཤངས་པ་ཀུན་དགའ་དཔལ་ལྡན་ལས་སྒྲ་དང་། སྙན་ངག སྡེབ་སྦྱོར་བཅས་ལ་སྦྱངས། སུམ་ཅུ་པར་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ། ཞྭ་ལུ་དཀའ་བཅུ་བ་གསུམ་ལས་བསྙེན་པར་རྫོགས། རྩེས་ཐང་དུ་གཞུང་ལུགས་དྲུག་ཅུ་བཤད་པའི་དགའ་སྟོན་སྤེལ། སོ་གཅིག་པར་ངམ་རིང་དུ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་བཤད་པའི་སྲོལ་ཆེན་བཏོད། སོ་གསུམ་པར་ངོར་ཆེན་ཡབ་སྲས་དང་། བདག་ཆེན་རྒྱ་གར་བ། བཤེས་གཉེན་བློ་གྲོས་རྒྱལ་མཚན། སྟག་ལུང་ངག་དབང་གྲགས་པ། མཁྱེན་རབ་ཡོན་ཏན་དཔལ་འབྱུང་། ཀ་ཏོག་ནོར་བུ་བཟང་པོ། རྣལ་འབྱོར་རྡོ་རྗེ་བཅས་ལས་ངོར་ལུགས་དང་། རྫོང་ལུགས། བོ་དོང་པའི་དེ་ཉིད་འདུས་པ། དྭགས་པོ་བཀའ་བརྒྱུད་དང་རས་ཆུང་སྙན་བརྒྱུད། ཤངས་པ་བཀའ་བརྒྱུད་དང་རི་ཆོས། རྫོགས་ཆེན་གྱི་ཆོས་སྐོར། ཞི་བྱེད་ཀྱི་ཆོས་སོགས་རིམ་པར་གསན། ཆུ་མིག་སོགས་འགྲིམ་ནས་ལོ་བཅུའི་བར་དུ་སྒོམ་སྒྲུབ་ཉམས་ལེན་མཛད། ང་བདུན་པ་རབ་བྱུང་བརྒྱད་པའི་ས་བྱ་ཕྱི་ལོ ༡༤༨༩ ལོར་གཙང་སྟོད་བསོད་ནམས་རྒྱལ་མཚན་གྱི་མཐུན་རྐྱེན་འོག་མཉན་ཡོད་བྱ་རྒོད་གཤོངས་ཀྱི་ཆོས་གྲྭ་ཆེན་པོ་བཏབ། གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་བཞེངས། འདུས་པའི་ཚོགས་པ་བསྐྱངས། དོན་གཉིས་པ་རབ་བྱུང་བརྒྱད་པའི་ཤིང་བྱི་ཕྱི་ལོ ༡༥༠༤ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་འཕགས་མཆོག་ཀླུ་སྒྲུབ་དང་། ཨར་སྟོན། བློ་གྲོས་རྒྱ་མཚོ། ཀུན་མཁྱེན་ལྕགས་ཐང་ཆོས་རྗེ། རྒྱལ་བ་དཀོན་མཆོག་དཔལ་བ། ལྷོ་བྱང་གི་ལྷ་དབང་རྣམ་གཉིས། འཇམ་མགོན་བློ་གྲོས་བཀྲ་ཤིས་སོགས་བྱང་གི་ལྷ་དབང་རྣམ་གཉིས། འཇམ་མགོན་བློ་གྲོས་བཀྲ་ཤིས་སོགས་ཡིན།

{{#arraymap:འབུམ་ཕྲག་གསུམ་པ་

|; |@@@ | | }}